ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་31ཉིན། ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་ལུས་གསོའི་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཀརྨ་དགོན་གསར་ཁྲོམ་གཞུང་འོ་བརྒྱལ་ཐང་སྡེ་ཁུལ་དུ་སྤེལ་བ་རེད།
མཛད་སྒོ་སྤེལ་ཡུལ་དུ་ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་ལུས་གསོའི་ལྟེ་གནས་ཀྱི་འགན་འཁུར་བས་མཛད་སྒོར་ཞུགས་མཁན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་དབང་པོ་སྐྱོན་ཅན་གྱི་འཐུས་མིར་ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་ལུས་གསོའི་ལྟེ་གནས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོའི་ལྟེ་གནས་བཙུགས་པ་དེས་དབང་སྐྱོན་བྱིས་པའི་ལུས་གསོའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུར་ནུས་པ་གལ་ཆེན་ཐོན་ཐུབ་ལ། ཁྲེང་ཀོན་ཆུས་ཀྱི་དབང་སྐྱོན་བྱིས་པའི་ལུས་གསོའི་ལས་དོན་དེ་ལམ་བུ་གསར་པར་བསྐྱོད་པ་མཚོན་ཡོད་ཅེས་བཤད། དེ་རྗེས། མཛད་སྒོར་ཞུགས་མཁན་འགོ་ཁྲིད་ཀྱིས་ཐུན་མོང་དུ་ཁྲེང་ཀོན་ཆུས་ཀྱི་དབང་སྐྱོན་བྱིས་པའི་ལུས་གསོའི་ལྟེ་གནས་ཀྱི་སྒོ་བྱང་ཁ་ཕྱེ་ནས་དེ་གར་ལྟ་སྐོར་བྱས་པ་རེད།
ནོར་སྟོད་སྡེ་ཁུལ་གྱི་གྲོང་མི་ཀུན་དགའ་ཡིས་ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་ལུས་གསོའི་ལྟེ་གནས་ཀྱིས་རིན་པ་མི་དགོས་པར་བྱིས་པ་ཚོར་ལུས་གསོའི་ཞབས་ཞུ་སྒྲུབ་ཀྱི་འདུག་པས། ཕྱིས་འབྱུང་།ངས་རྟག་ཏུ་འདི་གར་བྱིས་པ་ཁྲིད་དེ་སྲིད་ཇུས་བཟང་པོ་དེ་ལོངས་སུ་སྤྱད་ནས་ལུས་ཁམས་གསོ་རུ་འཇུག་རྒྱུ་ཡིན། ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་ལུས་གསོའི་ལྟེ་གནས་སུ་ལྟ་ཞིབ་ཁང་དང་། ལུས་སྦྱོང་སྨན་བཅོས་ཁང་། ཚོར་སྣང་ཁང་། མཉམ་སྡེབ་སྨན་བཅོས་ཁང་། སྐད་བརྡའི་སྨན་བཅོས་ཁང་སོགས་སྨན་བཅོས་ཁང་སྣ་ཚོགས་བཙུགས་ཡོད་པ་དང་། བདེ་ཐང་སླར་གསོའི་སྨན་བཅོས་པ་དང་།
དམིགས་བསལ་སློབ་གསོའི་དགེ་རྒན། སེམས་ཁམས་བློ་འདྲི་པ་སོགས་བྱང་ཚད་མཐོ་བའི་ཆེད་ལས་པ་14ཡོད། ཁོང་ཚོས་ཆེད་ལས་དང་བརྩེ་སེམས་ལ་བརྟེན་ནས་ལྟེ་གནས་སུ་ལུས་ཁམས་དང་སེམས་ཁམས་གསོ་བའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད། ཁྲེང་ཀོན་ཆུས་དམངས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཅཱ་རུའུ་ཡིས་ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་ལུས་གསོའི་ལྟེ་གནས་ཀྱི་སྒོ་བྱང་འགེལ་བ་དེ་ནི་དོན་དངོས་ལ་གཞི་ཚུགས་ནས་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱེད་པའི་དམངས་ཕན་གྱི་བྱ་ཐབས་ཤིག་ཡིན་ལ། ཕན་ཚུན་ལྟ་སྐྱོང་དང་བརྩེ་བ་ཆེན་པོས་ཐུགས་ཁུར་བྱེད་པའི་དམངས་ཕན་གྱི་བྱ་ཐབས་ཤིག་ཀྱང་ཡིན། དབང་པོ་སྐྱོན་ཅན་བྱིས་པར་ཕྱོཊ་ཡོངས་དང་དུས་ཀུན་ཏུ་ཞབས་ཞུ་དང་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་ང་ཚོར་ཡོད་ཅེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社