ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་31ཉིན། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི“ཐོན་སྐྱེད་བདེ་འཇགས་ཟླ་བའི”འགོ་ཚུགས་མཛད་སྒོ་འཚོགས་རྗེས། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇཊ་ལས་དོན་དང“ཐོན་སྐྱེད་བདེ་འཇགས་ཟླ་བའི”བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་2024ལོའི“ཐོན་སྐྱེད་བདེ་འཇགས་ཟླ་བའི”བྱེད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་བརྡ་ཁྱབ་བཏང་བ་དང་འབྲེལ་སླད་ཕྱིན་གྱི་ལས་དོན་ཐད་གྲོས་འགོ་བཏོན་ཞིང་། ཁྲེང་ཀོན་ཆུས་དང་། མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་། དེ་བཞིན་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། གྲོང་ཁྱེར་དོ་དམ་ཅུས། གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་བཅས་ཀྱིས་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བའི་གནས་ཚུལ་ལ་དམིགས་ནས་སྙན་སེང་ཞུས་པ་རེད།
དགྲ་འདུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ལོ་གསུམ་རིང་ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་གྱི་བྱ་སྤྱོད་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་མངོན་གསལ་དོད་དུ་གཏོང་བ། དེ་བས་དམ་པའི་རྒྱུད་སྐུད་ལ་བརྟེན་ནས་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་སྲུང་བ་བཅས་བྱས་ཏེ་ཐོན་སྐྱེད་བདེ་འཇཊ་ཀྱི་ལས་འཛོལ་སྣ་ཚོཊ་ཐོན་རྒྱུ་སྔོན་འགོག་དང་བཀག་འགོག་བྱེད་དགོས་པ་དང་། སྲ་ཞིང་བརྟན་པའི་བྱ་ཐབས་ནན་པོར་ཤུཊ་སྣོན་བརྒྱབ་སྟེ་ནུས་ཤུཊ་དེ་བས་ཆེ་བར་བརྟེན་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་ཁར་གནོད་པའི་རྐྱེན་ངན་མེད་པར་བཟོ་བ་དང་། བདེ་འཇགས་ཀྱི་ཉེན་ཁའི་རྩ་བ་བཅོས་པ། ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་འགག་རྩ་བཅོས་པ། མངོན་མེད་རྐྱེན་ངན་ཚབས་ཆེན་གྱི་རྩ་བ་བཅོས་པ། བཅོས་སྒྲིག་མཐར་ཕྱིན་བྱེད་པ། ལྟ་སྐུལ་དོ་དམ་ལེགས་པར་བྱེད་པ། ཁྲིམས་འཛིན་ནན་པོའི་འགག་རྩ་བཅོས་པ། འབྱུང་རྩ་ནས་དོ་དམ་བྱེད་པ། རྒྱུན་རྣམ་དང་ཕུགས་ཕན་གྱི་ལས་དོན་ཏན་ཏིག་སྒྲུབ་པ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ས་སྲུང་འགན་འཁུར་དང་རང་འགན་གཙང་སྒྲུབ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་དང་། དཔྱད་ཞིབ་སྐོར་ཞིབ། ཐེར་འདོན་གོང་ཞུ་བཅས་ཀྱི་ཐབས་ལམ་གནད་ལ་འཁེལ་བར་བྱེད་པ། བྱ་ཐབས་དེ་བས་ཏན་ཏིག་སྤྱོད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་བདེ་ཐང་སྲུང་སྐྱོང་བྱེད་དགོས་པ། སྔོན་ཚུད་ནས་སྒྲིག་འཛུགས་དང་ཇུས་འགོད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི“ཐོན་སྐྱེད་བདེ་འཇགས་ཟླ་བའི”དྲིལ་བསྒྲགས་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་འཛུཊ་དགོས་པ། ཐོན་སྐྱེད་བདེ་འཇཊ་ཀྱི་དྲིལ་བསྒྲགས་སློབ་གསོའི་ཁེབས་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་གྲོང་གི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社