分享按钮

རང་གྲོང་གི་རྟོག་ཞིབ་ཚོགས་ཆུང་གཡག་རྔ་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ།

ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། མིག་རྒྱང་སྔར་བས་ཆེ་རུ་གཏོང་བ།བསམ་ཕྱོགས་གསར་གཏོད་བྱེད་པ།ལྷ་སར་ཡོད་པའི་གཡག་རྔ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའི་ས་གནས་གཉིས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བཅས་བྱ་ཆེད། ཟླ་6ཚེས་1ནས་ཚེས་2ཉིན་བར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་རུ་ཁག་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་ཡོད།

གཡག་རྔ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཀྲེང་ཧུའུ་ཡུང་དང་།གཡག་རྔ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བ་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།

རང་གྲོང་གི་རྟོག་ཞིབ་ཚོཊ་ཆུང་དང་བཅས་པ་སྔ་རྗེས་སུ་མོང་ཏིང་རི་བོར་གནས་པའི་ཇ་ལོའི་སྤྱི་གླིང་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 ཁྲེན་ཅིང་གིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c182047.html 1 རང་གྲོང་གི་རྟོག་ཞིབ་ཚོགས་ཆུང་གཡག་རྔ་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ། /enpproperty-->