分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་འདམ་གཞུང་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་ལས་དོན་ལ་བརྟག་ཞིབ་གནང་བ།

ཧོ་ཕུང་གིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་31ཉིན།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཕུང་གིས་རུ་སྣེ་ཁྲིད་དེ་འདམ་གཞུང་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ཧོ་ཕུང་དང་བཅས་པ་སྔ་རྗེས་སུ་ཡངས་པ་ཅན་ས་འོག་ཚ་ནུས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཁང་དམར་ཆུ་ཚན་མགྲོན་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཡངས་པ་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཧོ་ཕུང་གིས་མཛེས་ལྗོངས་ཁུལ་གྱི་དོ་དམ་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་ནས་མཛེས་ལྗོངས་ཁུལ་གྱི་འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་སྟེ།མཛེས་ལྗོངས་ཁུལ་གྱི་འཕེལ་རྒྱས་ལ་གདེང་འཇོག་གནང་བ་དང་འབྲེལ་ཡོད་བསམ་འཆར་དང་གྲོས་འགོར་གསན་པ་རེད། ཁང་དམར་ཆུ་ཚན་མགྲོན་ཁང་དུ་ཧོ་ཕུང་གིས་མགྲོན་ཁང་གི་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་དང་། ཞབས་ཞུ་དོ་དམ། ཁོར་ཡུག་སྔོ་འགྱུར་བཅས་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཡོད་སྙན་ཞུར་གསན་ནས་ལས་དོན་མི་སྣར་ཡང་འབད་བསྐྱར་འབད་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་འདམ་གཞུང་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ལེགས་སུ་གཏོང་བ་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱས་པ་རེད། བརྟག་ཞིབ་གནང་རིང་།ཧོ་ཕུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཁྲོད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཧོ་ཕུང་གིས་ད་དུང་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པར་འཚམས་འདྲི་གནང་བ་རེད།

ཧོ་ཕུང་གིས་འདམ་གཞུང་རྫོང་གིས་ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་སྐུལ་སློང་ཚོགས་ཆེན་དང་ལྷག་པར་དུ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།འདམ་གཞུང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་རིག་གནས་ཀྱི་ཐོན་ཁུངས་ལ་གཞི་ཚུཊ་ནས“འདུ་ཤེས་ཆེན་པོ་ལྔ”དང“འཕེལ་རྒྱས་གལ་ཆེ་མཉམ་འཛིན་ལྔ”མཐའ་འཁྱོངས་བྱས་ཏེ། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 ཧོ་ཕུང་གིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c182046.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་འདམ་གཞུང་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->