ད་ལོའི་ཟླ་6ཚེས་1ཉིན་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐེངས་74པ་དེ་ཡིན་ཞིང་། ཉིན་ཤས་གོང་།ཚན་པ་ཁག་གིས་རིག་རྩལ་འཁྲབ་སྟོན་དང་སྙན་ངག་གྱེར་འདོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད་པ་སྟེ།
གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ཉིན་ཤས་གོང་།གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་བསྐྱོད་དེ་ཕྲུ་གུ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ཆབས་ཅིག་ཁྲིམས་སྐྱོང་གི་ལག་རྟགས་ཀྱང་སྤྲད་པ་རེད།
བྱེད་སྒོའི་ཁྲོད་ཞིབ་དཔྱོད་དཔོན་ཚོས་དམིགས་བསལ་སློབ་གསོའི་སློབ་གྲྭའི་བྱིས་པར《ཁྲིམས་བཤད་ཨ་ཁུ་སྟོན་པ》ཞེས་པའི་ཁྲིམས་ལུགས་སྐོར་གྱི་དཔེ་དེབ་སྤྲད་པ་དང་། དྲོ་སྐྱིད་ཞིབ་བཤེར་ལས་དོན་ཁང་གི་ཞིབ་དཔྱོད་དཔོན་ཚོས་བྱིས་པ་རྣམས་ལ་ཨ་ཁུ་སྟོན་པའི་གཏམ་རྒྱུད་མཉམ་སྤྱོད་དང་དེའི་ནང་གི་བཅའ་ཁྲིམས་ཀྱི་ཤེས་བྱ་བསླབས་ནས་ཚང་མས་ཁྲིམས་ལུགས་ལ་སློབ་སྦྱོང་དང་། ཁྲིམས་ལུགས་ཤེས་པ། ཁྲིམས་ལུགས་ཁོང་དུ་ཆུད་པ། ཁྲིམས་ལུགས་སྲུང་བ་བཅས་དུས་རབས་གསར་པའི་སྤྱི་དམངས་ཆུང་ཆུང་ཞིག་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཚེ་རིང་གཡུ་སྒྲོན་གྱིས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་རྒན་ལགས་ཚོས་དུས་ཚོད་ཀྱི་ཁོམ་པ་སྤྱད་དེ་ང་ཚོ་དང་མཉམ་དུ་དུས་ཆེན་དགའ་གཏོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ང་ཚོར་ཨ་ཁུ་སྟོན་པའི་གཏམ་རྒྱུད་ཀྱང་བཤད་བྱུང་། ང་ཚོས་གཏམ་རྒྱུད་ཀྱི་ཁྲོད་ནས་བཅའ་ཁྲིམས་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཤེས་བྱུང་ལ་བཅའ་ཁྲིམས་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་སོང་ཞེས་བཤད།
དམིགས་བསལ་གྱི་གཞོན་ནུ་ལོ་ཆུང་ཚོགས་སྤྱིའི་སེམས་ཁམས་བདེ་ཐང་གི་བྱང་ཚད་མཐོ་རུ་གཏོང་བ་དང་དམིགས་བསལ་ཁྱིམ་ཚང་གི་སློབ་གསོའི་དཀའ་གནད་ཐག་གཅོད་བྱ་ཆེད། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ད་དུང་བོད་ཀྱི་ཕ་མ་བཟང་པོའི་ཁྱིམ་ཚང་སློབ་གསོ་ཚད་ཡོད་ཀུང་སིའི་ལས་དོན་པ་གདན་དྲངས་ནས་སེམས་ཁམས་ཐད་ཟུར་ཁྲིད་བྱས་པར་མ་ཟད་ཁྱིམ་ཚང་སློབ་གསོའི་མ་བུའི་བྱེད་སྒོ་ཡང་སྤེལ་ཡོད། བྱེད་སྒོ་སྤེལ་བའི་ཁྲོད་ཕྲུ་གུ་ཚོས་རི་མོའི་ཐོག་ནས་སྙིང་གཏམ་མཚོན་པར་བྱས་པས། སེམས་ཁམས་བློ་འདྲི་བས་ཕྲུ་གུ་ཚོའི་རི་མོའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་པ་བརྒྱུད་ཚང་མར་རང་བཀུར་དང་།རང་རྟོན། ཞི་དུལ་བཅས་བདེ་ཐང་གི་སེམས་ཁམས་ལྡན་དགོས་པར་ཁྲིད་སྟོན་བྱས་ཡོད།
ཁྲེང་ཀོན་ཆུས།
ཟླ་5ཚེས་29ཉིན།ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡིས་ཁྲེང་ཀོན་ཆུས་སློབ་གསོ་ཅུས་དང་གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ“བྱིས་པའི་སེམས་པ་ཏང་ལ་ཕྱོགས་ནས་མེས་རྒྱལ་ལ་བསྟོད་གླུ་འབུལ།དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བྱེད་པར་བརྩོན་བྱེད”ཅེས་པ་གཙོ་དོན་དུ་བྱས་ནས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། བྱེད་སྒོའི་ཁྲོད་དགེ་སློབ་དང་།ཁྱིམ་བདག་གི་འཐུས་མི། འབྲེལ་ཡོད་འགོ་ཁྲིད་བཅས་ཁྱོན་མི་500ལྷག་ཙམ་འཛོམས་ནས་ཕྲུ་གུ་ཚོའི་སྤྲོ་སྣང་ལྡན་པའི་རྣམ་པར་མཉམ་དུ་བདེན་དཔང་བྱས་ཡོད།
རིག་རྩལ་འཁྲབ་སྟོན《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པ་དང《དཔྱིད་རླུང་ལྡང་བ》སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་།ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གི་གཞོན་ནུ་ལོ་ཆུང་ཚོས་གླུ་གར་དང་གྱེར་འདོན་སོགས་ཀྱི་རྣམ་པའི་ཐོག་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་འབྱུང་འགྱུར་ལ་བཅངས་པའི་རེ་འདུན་མཚོན་པར་བྱས་ཏེ།ཁོང་ཚོའི་སྐྱེ་སྟོབས་དང་གསོན་ཤུགས་མངོན་པར་བྱས་ཡོད།
དེ་དང་ཆབས་ཅིག་རི་མོའི་འགྲེམས་སྟོན་ཁུལ་དུའང་མི་མང་པོ་ཞིག་འཛོམས་ཡོད་ཅིང་། ཕྲུ་གུ་ཚོས་སྤྲོ་སྣང་དང་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་རི་མོའི་བརྩམས་ཆོས་མང་དག་ཅིག་བྲིས་ཏེ་ཏང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་དུས་རབས་གསར་པར་བཅངས་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མཚོན་པར་བྱས་ཡོད། རི་མོའི་ཁྲོད་ཕྲུ་གུ་ཚོའི་སེམས་ནུས་འདུས་ཡོད་ལ་ཁོང་ཚོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ལྟ་ཕྱོགས་དང་གསར་གཏོད་ཀྱི་ནུས་པའང་མངོན་ཡོད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ།
ཉིན་ཤས་གོང་།ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས“བྱིས་པའི་སེམས་པ་ཏང་ལ་ཕྱོགས། སྤྲོ་སྣང་ངང་ནས་འཚར་ལོངས་བྱེད”ཅེས་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱས་ཡོད། གར་སྟེགས་ཐོག་སློབ་མ་ཚོས་གྱོན་ཆས་ལེགས་པར་སྤྲས་ནས《བཀྲ་ཤིས་ཞོལ་པ》དང《དུས་ཆེན་ལ་རྟེན་འབྲེལ་ཞུ》 《དགེ་རྒན་དྲིན་ཆེན་གྱི་བཀའ་དྲིན་ཚོར་བ》སོགས་ངོ་མཚར་ཆེ་བའི་ལེ་ཚན་10ལྷག་ཙམ་འཁྲབ་སྟོན་བྱས་ཤིང་། སློབ་མ་ཚོའི་ལྷད་མེད་ཀྱི་འཛུམ་མདངས་ལས་དགེ་རྒན་དང་ཁྱིམ་བདག་ཚོའི་ཡིད་དབང་འཕྲོག་པ་དང་།སྤྲོ་སྣང་ལྡན་པའི་ཞབས་བྲོ་དང་རྣ་བར་སྙན་པའི་བྱིས་གླུས་མེས་རྒྱལ་གྱི་མེ་ཏོག་ཚོའི་ཡར་རྒྱས་ཀྱི་སྙིང་སྟོབས་མངོན་ཡོད་པས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་གྲངས་མེད་ཐོབ་ཡོད།
འཁྲབ་སྟོན་བྱེད་རིང་།འབྲེལ་ཡོད་འགོ་ཁྲིད་ཀྱིས་སློབ་གྲྭ་དེའི་ཕུལ་བྱུང་གི་ཁྱིམ་བདག་ཨུ་ལྷན་ལ་བྱ་དགའ་སྤྲད་པ་དང་། ཁྱིམ་བདག་ཚོས་སློབ་གྲྭའི་ལས་ཀར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་།སླད་ཕྱིན་མུ་མཐུད་འབྲེལ་གཏུགས་ཀྱི་ཟམ་པ་ཡག་པོ་ཞིག་བསྐྲུན་ནས་ཕྲུ་གུ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། བྱེད་སྒོ་སྤེལ་བ་བརྒྱུད་སློབ་མ་ཚོའི་ཐུན་མོང་གི་འདུ་ཤེས་དང་། མཉམ་ལས་ཀྱི་འདུ་ཤེས། ཐེ་ཞུགས་ཀྱི་འདུ་ཤེས་བཅས་གསོ་སྐྱོང་ཐུབ་ནས་སློབ་མ་ཚོའི་རྩལ་ནུས་སྣ་ཚོགས་ལ་སྦྱོང་བརྡར་དང་འཇོན་ཐང་མངོན་ཐུབ་པར་བྱུང་ཡོད་པ་དང་།སློབ་མ་རྣམས་ལ་སྤྲོ་སྣང་དང་། བརྗེད་པར་དཀའ་བ། དོན་སྙིང་ཟབ་པ་བཅས་ཀྱི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཞིག་བཏང་ཐུབ་པར་བྱུང་ཡོད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་།
ཉིན་ཤས་རིང་།ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས“བྱིས་པ་གསོ་སྐྱོང་གི་མཐའ་ཚད་ལ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བྱིས་དུས་ལ་གྲུབ་འབྲས་ཐོབ་པ”ཅེས་གཙོ་དོན་དུ་བྱས་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེ《གཞན་དང་མི་འདྲ་བའི་དྲུག་གཅིག》ཞེས་པ་དང་།《སྒྱུ་རྩལ་གྱི་ཐོག་ནས་འཚར་ལོངས་བྱུང་བ》 《ཁྱེད་དང་མཉམ་དུ་ཡོད》བཅས་ལེའུ་གསུམ་ལ་དབྱེ་ཡོད། བྱེད་སྒོའི་ཁྲོད་ཕྲུ་གུ་ཚོས་སྤྲོ་སྣང་ལྡན་པའི་འགུལ་རིས་གློག་བརྙན་ལ་ལྟ་བ་དང་ཕུན་སུམ་ཚོགས་པའི་འཛིན་གྲྭའི་བྱེད་སྒོར་ཞུགས་ནས་རོལ་རྩེད་དང་སློབ་གསོ་མཉམ་དུ་ལོངས་སྤྱོད་ཐུབ་པ་དང་།རང་ཉིད་ལ་དབང་བའི་དུས་ཆེན་ཁྲོད་འཚར་ལོངས་ཀྱི་སྤྲོ་སྣང་ལོངས་སྤྱོད་ཐུབ་པར་བྱུང་ཡོད།
ཞིབ་ཚགས་པའི་སྒོ་ནས་བསྒྲིགས་པའི་རིག་རྩལ་འཁྲབ་སྟོན་ཁྲོད།འཁྲབ་སྟོན་པ་ཆུང་ཆུང་ཚོས་ནུས་ཤུགས་ཡོད་རྒུས་འཁྲབ་སྟོན་བྱས་ཤིང་།ཕྲུ་གུ་ཚང་མའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཡོད་པ་དང་སློབ་གྲྭ་ཡོངས་སུ་དགོད་སྒྲས་ཁེངས་ཡོད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭ།
ཟླ་5ཚེས་31ཉིན།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭས་2024ལོའི“སྐྱིད་སྣང་དོད་པའི་བྱིས་དུས། ཕུགས་འདུན་གྱི་འགོ་འཛུགས་ས”ཞེས་དྲུག་གཅིག་གི་རིག་རྩལ་འཁྲབ་སྟོན་དང་སློབ་ཐོན་མཛད་སྒོ་འཚོགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་10པར།བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་སློབ་གྲྭ་ཐོན་ཉེར་ཡོད་པའི་ལོ་རིམ་དྲུག་པའི་སློབ་མ་རྣམས་སློབ་གྲྭ་ནས་ཐོན་པར་རྟེན་འབྲེལ་ཞུ་བའི་སྒོ་མོ་གཞུ་དབྱིབས་ཅན་ཞིག་བརྒྱུད་དེ་ས་གདན་དམར་པོའི་ཐོག་བསྐྱོད་པ་དང་།ལམ་གྱི་གཡས་གཡོན་དུ་མེ་ཏོག་གིས་མཛེས་རྒྱན་སྤྲས་པ་དང་རྔ་རྡུང་རོལ་མོ་དཀྲོལ་ནས་རེ་བའི་འབྲས་བཟང་སྨིན་པར་སྨོན་འདུན་གཟབ་རྒྱས་ཞུས་པས་སྤྲོ་སྣང་ལྡན་པའི་དུས་ཆེན་ལས་གྲོགས་པོ་ཆུང་ཆུང་ཚོའི་སེམས་པ་དགའ་བས་རབ་ཏུ་མྱོས་ཡོད།
ལོ་རིམ་དྲུག་པའི་སློབ་མ་ཚང་མ་མར་བསྡད་པ་དང་ཆབས་ཅིག་རིག་རྩལ་འཁྲབ་སྟོན་ཏེ《སྐལ་བཟང་མེ་ཏོག》ཅེས་པའི་ཞབས་བྲོའི་ཁྲོད་འགོ་ཚུགས་ཡོད་ཅིང་། དགའ་སྤྲོའི་རོལ་དབྱངས་དང་མཉེན་ཆ་དོད་པའི་སྟངས་སྟབས་ཀྱི་ཁྲོད་སློབ་གྲྭས་ཕྲུ་གུ་ཚོར་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་སྨོན་འདུན་ཞུས་ཡོད། བྱེད་སྒོའི་ཁྲོད་ད་དུང་ཕུལ་བྱུང་གི་བྱིས་པ་དང་། ལོ་ཆུང་གདོང་ལེན་རུ་མི། ཁྱིམ་བདག་བཟང་པོ་བཅས་ལ་གཟེངས་རྟགས་སྤྲད་ཡོད།
ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་།
ཟླ་5ཚེས་31ཉིན།ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་ལུས་རྩལ་ཁང་དུ་མཐའ་མཇུག་གི་ལེ་ཚན་ཏེ་བྱིས་པའི་རོལ་རྩེད་གླིང་གིས་འཁྲུག་ཆ་དོད་པའི་འཁྲབ་སྟོན་བྱས་ཡོད། དེ་དང་ཆབས་ཅིག“དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མི་རིགས་མཐུན་སྒྲིལ་ལ་མཉམ་དུ་ཤུགས་སྣོན་རྒྱག”ཅེས་པ་གཙོ་དོན་དུ་བྱས་པའི་སྐྱིད་པའི་དྲུག་གཅིག་གི་གཟའ་འཁོར་དང་མི་རིགས་མཐུན་སྒྲིལ་སློབ་ཚན་གྱི་ཡོངས་བསྒྲགས་ཚོགས་འདུའི་བྱེད་སྒོ་ཡང་སྤེལ་ཡོད།
རོལ་རྩེད་སྤྲོ་ཚོགས་དེ་ནི་བུ་བཅོལ་ཁང་དེས་སློབ་དུས་འདིར་མི་རིགས་མཐུན་སྒྲིལ་སློབ་ཚན་དང་ཟུང་འབྲེལ་བྱས་ནས་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་བའི་སྐབས་སུ་སློབ་ཚན་ཡོངས་བསྒྲགས་ཚོགས་འདུའི་རྣམ་པའི་ཐོག་ནས་སྤེལ་བའི་རོལ་རྩེད་ཉམས་ལེན་གྱི་བྱེད་སྒོ་ཞིག་ཡིན་པ་རེད། དེའི་དམིགས་ཡུལ་ནི་རོལ་རྩེད་ཉམས་ལེན་གྱི་རྣམ་པ་བརྒྱུད།ཕྲུ་གུ་ཚོས་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱད་ཆོས་ལ་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་པར་བྱས་ནས་མི་རིགས་ཁག་དབར་སྤེལ་རེས་དང་མཉམ་འདྲེས་ཟབ་ཏུ་གཏོང་རྒྱུ་དེ་རེད། ཉིན་དེར་ལུས་རྩལ་ཐང་དུ་ད་དུང་མི་རིགས་མཐུན་སྒྲིལ་གཙོ་དོན་དུ་བྱས་པའི་རོལ་རྩེད་ས་ཁོངས་མང་པོ་བཙུགས་ཡོད་པ་དང་།ས་ཁོངས་ཚང་མར་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱད་ཆོས་འདྲེས་ཡོད་པ་རེད། དགེ་རྒན་དང་།ཁྱིམ་བདག དང་བླངས་པ་བཅས་ཀྱི་སྣེ་ཁྲིད་འོག་ཕྲུ་གུ་ཚོས་རོལ་རྩེད་ཀྱི་ས་ཁོངས་མི་འདྲ་བར་རྩེད་མོ་རྩེ་བར་བསྐྱོད་ཅིང་། མི་རིགས་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་པ་དང་ཆབས་ཅིག་དགའ་སྤྲོའི་ངང་དུས་ཆེན་གྱི་རྣམ་པ་ཟབ་མོར་མྱོང་རོལ་བྱས་ཡོད།
སྣེའུ་ཁུལ་གསར་བུ་བཅོལ་ཁང་།
ཟླ་5ཚེས་31ཉིན་གྱི་སྔ་དྲོར།“སྤྲོ་སྣང་ལྡན་པའི་བྱིས་དུས་སུ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་།རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་ཡོང་བར་ངས་བྱས་རྗེས་འཇོག”ཅེས་གཙོ་དོན་དུ་བྱས་པའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་སྣེའུ་ཁུལ་གསར་བུ་བཅོལ་ཁང་དུ་གཉེར་ཡོད་པ་རེད།
བྱེད་སྒོ་དེ《གཅེས་སེམས་གང་སར་ཁྱབ་པ》ཞེས་པའི་ཞབས་བྲོའི་ཁྲོད་དུ་འགོ་ཚུགས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་དང་བྱིས་པའི་ཉམས་ཀྱིས་ཁེངས་ཡོད། ཞབས་བྲོ《བྱི་ལ་གསུམ》དང་། གླུ་དབྱངས《ཨ་ཕ》 ཞབས་བྲོ《ཁ་བྲལ་བ་ལས་མེ་ཏོག་རྣམ་པར་བཞད》 གྲོགས་པོ་ཆུང་ཆུང་གི་མཉམ་འགུལ་རོལ་དབྱངས་སོགས་ངོ་མཚར་ཆེ་བའི་ལེ་ཚན་ཁྲོད་དྲི་བར་ལན་རྒྱག་པའི་ལྷུ་ཚིགས་རེས་མོས་ངང་སྤེལ་ཡོད། གར་སྟེགས་ཐོག་ཕྲུ་གུ་ཚོས་གྱོན་གོས་སྣ་ཚོགས་གྱོན་ཞིང་གྲུང་ཤ་དོད་པ་དང་། ལུས་ཀྱི་སྟངས་སྟབས་ལེགས་པ།སྐད་གསང་མཐོན་པོའི་གླུ་དབྱངས། ངོ་མཚར་ཆེ་བའི་འཁྲབ་སྟོན། བྱང་ཆུབ་པའི་དཀྲོལ་གཏོང་བཅས་ཀྱི་ཐོག་ནས་དུས་ཆེན་དགའ་བས་རོལ་ཡོད་པ་དང་། གསོན་ཉམས་དོད་ལ་གསར་གཏོད་རང་བཞིན་གྱི་སྒྱུ་རྩལ་མཚོན་སྟངས་ཐོག་ནས་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་མཛེས་སྡུག་ལྡན་པའི་འཚོ་བར་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་མཚོན་པ། ཕྲུ་གུ་ཚོའི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཧུར་བརྩོན་ཡར་ཐོན་གྱི་སྙིང་སྟོབས་ཀྱི་རྣམ་པ་གང་ལེགས་མངོན་པར་བྱས་ཡོད།
ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པ།
ཟླ་5ཚེས་31ཉིན།ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པས་གཞན་དང་མི་འདྲ་བའི“མི་རིགས་ཀྱི་དར་སྲོལ་ཟབ་མོ་དང་ཀྲུང་གོའི་བརྩེ་སེམས་ཟབ་མོ་ལྡན་པ”ཞེས་གཙོ་དོན་དུ་བྱས་པའི་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་སྤྲོ་ཚོགས་བྱེད་སྒོ་ཞིག་སྤེལ་ཡོད།
བྱེད་སྒོའི་ཁྲོད་བུ་བཅོལ་ཁང་གི་ལོ་རིམ་གསུམ་པའི་གྲོགས་པོ་ཆུང་ཆུང་ཚོས་གཅེན་པོ་དང་གཅེན་མོའི་འགན་འཁུར་ནས་ཕྲུ་གུ་གཉིས་གཉིས་ཆ་སྒྲིག་བྱས་ཏེ་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་ཡོད། གཅེན་པོ་དང་གཅེན་མོ་ཚོས་ལོ་རིམ་དམའ་བའི་གཅུང་པོ་དང་གཅུང་མོའི་སྣེ་ཁྲིད་དེ་རོལ་རྩེད་བྱ་ཡུལ་ཁག་ཏུ་ཕར་འགྲོ་ཚུར་འོང་བྱས་ནས་སྤྲོ་སྣང་ལྡན་པའི་རོལ་རྩེད་རྩེ་བཞིན་ཡོད་པ་དང་།ཞིམ་ཟས་སྣ་ཚོགས་ལོངས་སུ་སྤྱོད་བཞིན་ཡོད། ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པའི་ཡོན་ཀྲང་ཝུའུ་ཅན་གྱིས་ད་ཐེངས་ཀྱི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་ང་ཚོས་སྤྲོ་སྐྱིད་བྱེད་སྒོ་སྤེལ་བའི་རྣམ་པའི་ཐོག་ནས་ཕྲུ་གུ་ཚོ་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད། ཕྲུ་གུ་ཚོས་མི་རིགས་ཀྱི་ཞིམ་ཟས་དང་། མི་རིགས་ཀྱི་རོལ་རྩེད་རྩེ་བ། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཉམས་ལེན་བཅས་བྱེད་པའི་ཁྲོད་མི་རིགས་ཁག་གི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པས།ཀྲུང་ཧྭའི་རིག་གནས་ལ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་། ཕྲུ་གུ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་ལ་གསོ་སྐྱོང་ཐུབ་པ། མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་དབར་གྱི་མཛའ་གྲོགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ཡོད།
སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སློབ་ཆུང་།
ཉིན་ཤས་གོང་།སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སློབ་ཆུང་གིས“སྐེ་དར་དམར་པོ་མེས་རྒྱལ་ལ་དགའ།རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་ཡོང་བར་ངས་བྱས་རྗེས་འཇོག”ཅེས་གཙོ་དོན་དུ་བྱས་པའི་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་ཅིང་།སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་།ཁྱིམ་བདག་ཚོ་སྤྲོ་སེམས་འཁོལ་བའི་ངང་བྱེད་སྒོར་ཞུགས་ཡོད། བྱེད་སྒོའི་ནང་དང་ཐོག་རྒྱལ་གླུ་གཏོང་བ་དང་། གདོང་ལེན་རུ་ཁག་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱེད་པ། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་གླུ་གཞས་མཉམ་ལེན་སོགས་བྱས་ཡོད། དེའི་རྗེས་སུ་སློབ་མ་ཚོས་ལུས་ལ་འཁྲབ་སྟོན་གྱི་གྱོན་ཆས་གྱོན་པ་དང་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་བཞིན《ཕན་ཚུན་ལ་དགའ་ཞིང་གཅེས》ཞེས་པ་དང《དགའ་སྤྲོའི་མཉམ་འཛོམས》སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་འཁྲབ་སྟོན་བྱས་ཤིང་། ལེ་ཚན་ཚང་མའི་ནང་སློབ་གྲྭ་དེའི་སློབ་མ་ཚོའི་སྤྲོ་སེམས་དང་གསོན་ཤུགས་མངོན་ཡོད། བྱེད་སྒོའི་ནང་ད་དུང་ཕུལ་བྱུང་གི་ཁྱིམ་བདག་ཨུ་ལྷན་དང་། ཕུལ་བྱུང་ཏང་ཀྲི་པུའུ། དངོས་པོ་རྙེད་ཀྱང་སྦ་གསང་མི་བྱེད་པའི་ན་གཞོན་སོགས་ལ་བྱ་དགའ་སྤྲད་ཡོད།གཞན་ཡང་བྱེད་སྒོ་སྤེལ་ཡུལ་དུ་སློབ་གྲྭ་དེའི་སྤྲོ་སྣང་ཚོགས་ཆུང་གཉིས་པའི་བོད་ཡིག་ཡིག་གཟུགས་དང་། སྤུ་སྨྱུག་ཡིག་གཟུགས། གདོང་རིས།འབྲུ་རིགས་སྣ་ལྔའི་རི་མོ། འདམ་བརྐོས་སོགས་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད། བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།ཕྲུ་གུ་ཚོར་འཇོན་ཐང་འགྲེམས་སྟོན་དང་ཕུགས་འདུན་ཕྱོགས་སུ་བསྐྱོད་པའི་གར་སྟེགས་ཤིག་མཁོ་འདོན་བྱས་ནས་ཁོང་ཚོར་རང་ཉིད་ལ་དབང་བའི་དུས་ཆེན་དགའ་གཏོང་ཐུབ་པར་བྱས་ཡོད།
ཉི་དྲོད་གླིང་སྡེ་ཁུལ།
གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་དེ་བས་ལེགས་པ་བཏང་ནས་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སེམས་ཁུར་དང་གཅེས་སྐྱོང་བྱ་ཆེད། ཟླ་5ཚེས་30ཉིན།གྲྭ་བཞི་ཁྲོམ་གཞུང་ཉི་དྲོད་གླིང་སྡེ་ཁུལ་གྱིས་དྲུག་གཅིག་གི་འཚམས་འདྲི་བྱེད་སྒོ་སྤེལ་ནས་ཕྲུ་གུ་ཚོར་ལག་རྟཊ་ཆུང་གྲས་སྤྲད་པ་དང་སྨོན་འདུན་བཟང་པོ་ཞུས་ཡོད། བྱེད་སྒོ་སྤེལ་བའི་ཁྲོད་ཉི་དྲོད་གླིང་སྡེ་ཁུལ་གྱི་ལས་དོན་པས་ཁོངས་གཏོཊ་ཁུལ་གྱི་ཀོང་ཤིས་མཛའ་གྲོགས་སློབ་ཆུང་གི་སྐད་གཉིས་བུ་བཅོལ་ཁང་དང་བུ་བཅོལ་ཁང་བཅུ་དགུ་པར་བསྐྱོད་ནས་བུ་བཅོལ་ཁང་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཕྲུ་གུ་ཚོའི་འཚོ་བ་དང་འཚར་ལོངས་ཀྱི་གནས་ཚུལ་ལ་ཤེས་རྟོཊ་བྱས་པ་དང་། ཡུལ་དངོས་སུ་ཕྲུ་གུ་ཚོ་དང་སྤྲོ་སྣང་ལྡན་པའི་ངང་སྤེལ་རེས་བྱས་པ་དང་འབྲེལ་སྡེ་ཁུལ་གྱིས་ཞིབ་ཚགས་ངང་བདམས་པའི་ལོ་ཆུང་བྱིས་པའི་ཀློག་དེབ་དང་སྨན་སྒམ་ཆུང་ཆུང་བྱིས་པ་ཚོར་སྤྲད་དེ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཟབ་མོ་ཞུས་པར་མ་ཟད།ཕྱིས་འབྱུང་ཁོང་ཚོར་ཚན་རིག་རིག་གནས་ཤེས་བྱར་སློབ་སྦྱོང་ཡག་པོ་བྱས་ཏེ་གསོན་ཤུཊ་རྒྱས་ལ་ཤེས་བྱ་ཁོང་དུ་ཆུད་པའི་དུས་རབས་གསར་པའི་ན་གཞོན་ཞིག་ཏུ་འཚར་ལོངས་ཡོང་བར་ཡང་སྐུལ་མ་བཏང་ཡོད།
(བྱང་ཆུབ་ཆོས་སྒྲོན་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社