(པར་ངོས་དང་པོར་མཐུད)གྲོང་ཚོར་བཅའ་སྡོད་གཞུང་ལས་ཁང་གི་ལས་དོན་པ་བཅས་མི་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་རོགས་སྐྱོར་དང་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བཅས་ཀྱིས་གནང་བའི་འབྲེལ་ཡོད་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། གཅིག་ནས་ཚུགས་གནས་མཐོ་རུ་བཏང་ནས་གྲོང་ཚོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་མངགས་བཅོལ་གལ་ཆེན་དང་མི་དམངས་ཀྱི་རེ་སྒུག་བློ་ལ་བརྟན་པོར་ངེས་པ། དོན་ཆེན་བཞི་ལ་དམིགས་པ་དང་འཛུགས་གཏོད་བཞི་ལ་ཤུགས་སྣོན་བརྒྱབ་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི་ཡག་པོ་བྱེད་པ་དྲུག་གི་བླང་བྱ་གཞིར་བཟུང་།གཞི་རིམ་ཏང་རྩ་འཛུགས་འཛུགས་པ་དང་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་དགོས། གཉིས་ནས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཇུས་འགོད་ནན་ཏན་བྱེད་དགོས་པ་དང་།གཙོ་གནད་ལས་འགན་བློ་ལ་བརྟན་པོར་ངེས་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་བཅས་བྱ་སྤྱོད་ཆེན་པོ་གསུམ་དང་ཟུང་འབྲེལ་བྱས་ཏེ།ལས་ཀའི་འབྲེལ་ཆོས་དང་ཤུགས་རྒྱག་ས་ཡང་དག་བཙལ་ཐོག་གཙོ་གནད་ལས་འགན་ལྔ་དོན་འཁྱོལ་ཞིབ་ཕྲ་དང་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས།གསུམ་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས་གྲོང་ཚོའི་ལས་བྱེད་པར་སློབ་གསོ་དང་དོ་དམ་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ།སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་ལས་སྒེར་གྱི་རླངས་འཁོར་བཏང་ནས་གྲོང་ཚོར་བཅའ་སྡོད་བྱས་པ་དང་། ལས་གནས་དང་ཁྱིམ་ཚང་དབར་ཉིན་ལྟར་རྒྱུག་པ།ལས་གནས་ལས་བྲལ་བ་དང་ལས་གནས་སུ་མི་མེད་པར་སྟོང་པར་ལུས་པ་སོགས་ཀྱི་གནད་དོན་ཐོན་རྒྱུ་གཏན་འགོག་བྱས་ནས་མིའི་ཚེ་སྲོག་གི་བདེ་འཇགས་དང་ལས་ཀའི་བདེ་འཇགས་ཐད་འགན་ལེན་བྱེད་དགོས། བཞི་ནས་གཅིག་གྱུར་ཐོག་འཆར་འགོད་བྱས་ཏེ་མིག་སྔའི་གཙོ་གནད་ལས་ཀ་ཡག་པོ་བསྒྲུབས་ནས་གཙོ་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བ། ལས་གྲྭ་ཁྲི་སྟོང་གི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བཅས་བྱས་ཐོག་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་དང་བྱ་བ་བཟང་པོ་ལེགས་པར་བསྒྲུབ་དགོས།
ཚོགས་འདུའི་ཐོག་སྟག་རྩེ་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུར་ཞུགས་མཁན་ཚོར་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད། དེའི་རྗེས་སུ་ཚོགས་འདུར་ཞུགས་མཁན་ཚོས་ད་དུང་སྟག་རྩེ་ཆུས་སྲིད་དོན་གཙང་སྐྱོང་ཕྱོགས་བསྡུས་སློབ་གསོ་རྟེན་གཞིའི་གྲོང་ཚོར་བཅའ་སྡོད་ལས་དོན་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社