分享按钮

ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིང་ཆུས་ཀྱི་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་པ།

རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་སྨོན་འདུན་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིང་ཆུས་ཀྱི་ཀྲི་ཅང་སློབ་ཆུང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བར་མ་ཟད། ཁོང་ཚོ་དང་རྒྱལ་ཡོངས་ཀྱི་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་ཡོད།

ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོའི་འཕྲིན་ཡིག་འབྱོར་སྐབས་ངས་ལོ་20ཡི་གོང་ཁྱེད་ཚོའི་སློབ་གྲྭའི་རྩིག་རྨང་བཏིང་བའི་གནས་ཚུལ་དག་དྲན་བྱུང་། ལོ་འདི་དག་གི་རིང་ལ་སློབ་གྲྭ་གཉེར་བ་ཡག་ནས་ཡག་ཏུ་ཕྱིན་པ་དང་། སློབ་གྲོཊ་ཚོ་སློབ་ལ་བརྩོན་ཞིང་ངལ་རྩོལ་ལ་དགའ་བ།(པར་ངོས་གཉིས་པར་གཟིཊ)

འཕྲིན་ལན།

སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིང་ཆུས་ཀྱི་ཀྲི་ཅང་སློབ་ཆུང་གི་སློབ་མ་ཚོར།

བཀྲ་ཤིས་བདེ་ལེགས། ཁྱེད་ཚོའི་འཕྲིན་ཡིག་འབྱོར་སྐབས། ངས་ལོ་20ཡི་གོང་ཁྱེད་ཚོའི་སློབ་གྲྭའི་རྩིག་རྨང་བཏིང་བའི་གནས་ཚུལ་དག་དྲན་བྱུང་། ལོ་འདི་དག་གི་རིང་ལ་སློབ་གྲྭ་གཉེར་བ་ཡག་ནས་ཡག་ཏུ་ཕྱིན་པ་དང་། སློབ་གྲོགས་ཚོ་སློབ་ལ་བརྩོན་ཞིང་ངལ་རྩོལ་ལ་དགའ་བ། བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་བཅས་ཤེས་སྐབས། ང་རང་དགའ་ཚོར་ཆེན་པོ་བྱུང་།

ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཁྱེད་ཚོའི་མི་རབས་འདིས་རྒྱུན་མཐུད་འབད་འཐབ་བྱ་དགོས། སློབ་གྲོགས་ཚོས་ཕུགས་འདུན་ཆེན་པོ་བཅངས་ཤིང་། དུས་སྐབས་བཟང་པོ་འདིར་གཅེས་འཛིན་བྱས་ཏེ། སྤྱོད་ཤེས་ལུས་མཛེས་ལས་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཏང་ལ་དགའ་ཞེན་དང་།རྒྱལ་ཁབ་ལ་དགའ་ཞེན། རང་སྟོབས་རང་སྤེལ། འབད་འཐབ་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་ཆགས་པར་བྱ་རྒྱུ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཏུ་འཚར་ལོངས་ཡོང་བར་བྱ་རྒྱུའི་རེ་བ་ཡོད།

“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་ངས་ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས།

2024ལོའི་ཟླ་5ཚེས་30ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5པའི་ཚེས31ཉིན་འབྱོར་བའི་གློག་འཕྲིན)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-02 ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིང་ཆུས་ཀྱི་ཀྲི་ཅང་སློབ་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་པ། 6 6 拉萨日报藏文 c181922.html 1 རྒྱལ་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་སྨོན་འདུན་ཞུས་པ། /enpproperty-->