(པར་ངོས་གཉིས་པར་མཐུད)ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཨ་རབ་ཕྱོགས་ནས་ནུས་རྒྱུ་མིན་པའི་ཐོན་རྫས་དང་ལྷག་པར་དུ་ཞིང་ལས་དང་བཟའ་བཅའི་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད།
ལྔ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྣམ་པ་དེ་བས་རྒྱ་ཆེ་བ་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ཀྲུང་གོ་དང་ཨ་རབ་ལྟེ་གནས་བཙུགས་ནས་ཀྲུང་གོ་དང་ཨ་རབ་གྱི་སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་གཞི་ཁྱོན་དང་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་དང་། རིག་མཛོད་མནའ་འབྲེལ་དང་། གཞོན་ནུའི་འཕེལ་རྒྱས་གླེང་སྟེགས། སློབ་ཆེན་མནའ་འབྲེལ། རིག་གནས་དང་ཡུལ་སྐོར་མཉམ་ལས་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ལས་སྟེགས་འཛུགས་སྐྲུན་མགྱོགས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར་ཨ་རབ་ཕྱོགས་ཀྱི་སྲིད་ཏང་གི་འགོ་ཁྲིད་པ་200ཀྲུང་གོར་འཚམས་འདྲིར་གདན་འདྲེན་ཞུ་རྒྱུ་དང་།འབྱུང་འགྱུར་ལོ་5ཡི་ནང་ཨ་རབ་ཕྱོགས་དང་ཡུལ་སྐོར་བ་ཁྲི་1000ཕན་ཚུན་འཚམས་འདྲིར་ཕེབས་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན།
སྐུ་མགྲོན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།
དབུས་ཤར་ས་ཁུལ་ནི་འཕེལ་རྒྱས་ཀྱི་ས་རྒྱུ་གཤིན་པོ་ཞིག་ཡིན་མོད། འོན་ཀྱང་ས་ཆ་དེའི་ཐོག་དམག་འཁྲུག་གི་མེ་ལྕེ་སྔར་བཞིན་འབར་བཞིན་ཡོད། ན་ནིང་ཟླ་10པ་ནས་བཟུང་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་གཏུག་ཛ་དྲག་ཏུ་ཕྱིན་ནས་མི་དམངས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད། དམག་འཁྲུག་མུ་མཐུད་རྒྱ་ཡན་དུ་གཏོང་མི་རུང་ལ། དྲང་བདེན་ཡང་ནམ་ཡང་མེད་དུ་མི་རུང་བས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་དེ་བས་ཀྱང་གཡོ་འགུལ་གཏོང་མི་རུང་། དེར་བརྟེན་ཀྲུང་གོ་ཕྱོགས་ཀྱིས་1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཅེ་རུས་ས་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་རྦད་དེ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་།ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དངོས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གཞི་ཁྱོན་དེ་བས་ཆེ་བ་དང་། དབང་གྲགས་དེ་བས་ཆེ་བ།ཕན་འབྲས་དེ་བས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་དུས་འགོའི་མི་དམངས་ཤོག་སྒོར་དུང་ཕྱུར་1གི་ཛ་དྲག་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པའི་རྨང་གཞིའི་ཐོག་སླར་ཡང་མི་དམངས་ཤོག་སྒོར་དུང་ཕྱུར་5ཡི་རོགས་སྐྱོར་བྱས་ནས་ཅ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཕ་ལེ་སི་ཐན་ཤར་རྒྱུད་དང་ཉེ་བའི་སྐྱབས་བཅོལ་བར་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ལ་ཞལ་འདེབས་ཨ་སྒོར་ཁྲི་300བརྒྱབ་ནས་ལས་གྲྭ་ཁྲུའུ་ཡིས་ཅ་ཧྲ་ས་ཁུལ་ལ་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཨ་རབ་ཀྱི་གཏམ་དཔེ་ལྟར་ན། གྲོགས་པོ་ནི་འཚོ་བའི་ཁྲོད་ཀྱི་ཉི་འོད་ཡིན། ང་ཚོས་མུ་མཐུད་ཨ་རབ་ཀྱི་གྲོགས་པོ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་གྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་འབྱུང་འགྱུར་གཏོད་དེ་ཀྲུང་གོ་དང་ཨ་རབ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལམ་བུར་ཉི་འོད་ཀྱིས་ཁེངས་སུ་འཇུག་རྒྱུ་ཡིན།
ཐུགས་རྗེ་ཆེ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་30ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)
(བྱང་ཆུབ་ཆོས་སྒྲོན་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社