(པར་ངོས་དང་པོར་མཐུད)གློག་སྐས་ཀྱི“ཤོག་བུ་མེད་པའི”ཉམས་གསོ་བདག་སྐྱོང་དང་།གློག་སྐས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་བརྒྱུད་རིམ་སོགས་ཀྱི་སྙན་ཞུ་གསན་པ། ད་ལྟའི་གནས་ཚུལ་དང་མཁྱེན་རྟོགས་བྱུང་བའི་གནད་དོན་ལ་གཞིགས་ནས་ཡུལ་དངོས་སུ་མཛུབ་ཁྲིད་གནང་བ་རེད།
ཁྲེན་ཅིང་གིས་མིག་སྔར་རང་གྲོང་གི་གློག་སྐས་བདེ་འཇགས་ཐད་སྔར་བཞིན་ཞན་ཆ་འགའ་ཞིག་ཡོད་པས་གོང་རིམ་གྱི་བླང་བྱ་དང་། མང་ཚོགས་ཀྱི་རེ་བ། གྲོང་ཁྱེར་ནང་གི་ལས་འགན་བཅས་ཀྱི་སྤྱིའི་བླང་བྱར་དམ་འཛིན་ནན་པོ་བྱས་ཏེ་ཅང་སུའུ་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས“ལྟེ་གནས་གཅིག་ལས་སྟེགས་གསུམ”སྐྲུན་རོགས་བྱས་པ་དེ་གོ་སྐབས་སུ་བྱས་ནས་ཅང་སུའུ་ཞིང་ཆེན་དང་སྤེལ་རེས་དང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཅང་སུའུ་ཞིང་ཆེན་གྱི་འཐུས་ཚང་གི་དོ་དམ་དང་ཉམས་མྱོང་དཔྱད་གཞིར་འཛིན་པ། རྨང་གཞིའི་གྲངས་གཞི་དང་། གྲངས་གཞི་དབྱེ་ཞིབ། དངོས་ཟོག་སྦྲེལ་མཐུད་མ་ལག་སོགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྡེ་ཚན་དབར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་མཉམ་སྤྱོད་དང་མཉམ་འཛིན་མཉམ་གཉེར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གློག་སྐས་ཀྱི་སྤྱོད་ཡུན་དུས་འཁོར་ཧྲིལ་པོ་བདེ་འཇགས་ངང་འཁོར་སྐྱོད་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཁྲེན་ཅིང་གིས་གློག་སྐས་འགྲིམ་འགྲུལ་གྱི་བདེ་འཇགས་གནད་དོན་ལ་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་གྲུབ་ཆ་གལ་ཆེན་ཞིག་དང་མི་དམངས་མང་ཚོགས་ཀྱི་སྒོ་འགྲམ་གྱི་ཆེས་མཐའ་མཇུག་གི་བདེ་འཇགས་གནད་དོན་ཞིག་རེད། གློག་སྐས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་སྡེ་ཚན་ཡིན་པའི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ངེས་པར་དུ་གློག་སྐས་བདེ་འཇགས་དེ་དམངས་འཚོའི་གནད་དོན་གྱི་མཐོ་ཚད་དུ་བཞག་ནས་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་རྩིས་ཏེ་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社