分享按钮

མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ།

ཀྲུང་ཨའི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་གི་གཙོ་དོན་གསུང་བཤད།

གུས་པར་འོས་པའི་རྒྱལ་པོ་ཧ་མ་ཏེ།

གུས་པར་འོས་པའི་སྲིད་འཛིན་སའེ་ཞི།

གུས་པར་འོས་པའི་སྲིད་འཛིན་སའེ་དབྱི་ཏེ།

གུས་པར་འོས་པའི་སྲིད་འཛིན་མུའུ་ཧན་མོ་ཏེ།

ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེ་མོ་སྐུ་ཞབས་ཀའེ་ཐེ་དང་། འཐུས་མི་ཚོགས་པའི་ཚོགས་གཙོ་རྣམ་པ།

སྐུ་མགྲོན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཨ་རབ་ཀྱི་གྲོཊ་པོ་དང་མཉམ་འཛོམས་བྱེད་ཐེངས་རེར་ང་ལ་མཛའ་མཐུན་གྱི་ཚོར་སྣང་ཟབ་མོ་ཞིག་ཡོང་གི་འདུག ཀྲུང་གོ་དང་ཀྲུང་གོའི་མི་དམངས་དང་ཨ་རབ་རྒྱལ་ཁབ་དང་ཨ་རབ་མི་དམངས་དབར་གྱི་མཛའ་གྲོཊ་ནི་དར་གོས་གནའ་ལམ་ཐོག་གི་མཛའ་གྲོཊ་འགྲོ་འོང་དང་། མི་རིཊ་བཅིངས་འགྲོལ་བརྩོན་ལེན་བྱེད་སྐབས་ཀྱི་དཔུང་པ་མཉམ་གཤིབ་ཀྱི་འཐབ་རྩོད། རྒྱལ་ཁབ་འཛུཊ་སྐྲུན་གྱི་འཕེལ་རིམ་ཁྲོད་ཀྱི་མཉམ་ལས་མཉམ་རྒྱལ་བཅས་ལས་བྱུང་བ་ཞིག་རེད།

དུས་རབས་གསར་པ་ཤར་བ་ནས་བཟུང་།ཀྲུང་ཨའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད། 2022ལོའི་ཟླ་12པར།ང་རང་སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ་རུ་འཚོགས་པའི་ཀྲུང་ཨའི་དབུ་ཚོགས་སྐབས་དང་པོར་ཞུགས་པ་ཡིན། ཨ་རབ་ཀྱི་ལས་རོགས་ཚོ་དང་མཉམ་དུ་དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་དབུ་ཚོགས་སྐབས་དང་པོའི་གྲུབ་འབྲས་དོན་འཁྱོལ་བྱས་ཚུལ་ལ་བློ་མགུ་པོ་བྱུང་ལ་ཨ་རབ་ཕྱོགས་དང་མཉམ་དུ་དབུ་ཚོགས་ཀྱི་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ནས་ཀྲུང་ཨའི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལའང་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། འདི་གར་ངས་དགའ་སྤྲོའི་ངང་ཚང་མར་ཀྲུང་གོ་ཕྱོགས་ཀྱིས་2026ལོར་ཀྲུང་གོར་ཀྲུང་ཨའི་དབུ་ཚོགས་སྐབས་གཉིས་པ་འཚོག་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་དང་དབུ་ཚོགས་དེ་ནི་ཀྲུང་ཨའི་འབྲེལ་བའི་ལམ་ཚད་རྡོ་རིང་གཞན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

སྐུ་མགྲོན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཚང་མས་རང་སོ་སོའི་མི་རིགས་དར་རྒྱས་མངོན་འགྱུར་དང་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱེད་པའི་དུས་རབས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཡོད། ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པ་དེས་ང་ཚོས་ཀྲུང་ཨའི་འབྲེལ་བའི་དུས་རབས་གསར་པ་གཏོད་རྒྱུ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་གི་འབྱུང་འགྱུར་གསར་པ་གཏོད་རྒྱུའི་ཐུན་མོང་གི་བསམ་འདུན་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ཕན་ཚུན་རོགས་རམ་བྱས་ནས་ཀྲུང་ཨའི་འབྲེལ་བ་དེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཚད་གཞི་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། ལྷིང་འཇགས་མེད་པའི་འཛམ་གླིང་གི་གནས་བབ་མདུན་དུ་ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་འཆམ་མཐུན་མཉམ་གནས་ཀྱི་ཐབས་ལམ་ཞིག་ཡིན་པ་དང་། དྲང་གཞག་དྲང་བདེན་བྱ་རྒྱུ་ནི་ཡུན་རིང་བདེ་འཇགས་ཀྱི་རྨང་གཞི་ཞིག་ཡིན། ང་ཚོས་ཨ་རབ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་འཇོག་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བདག་ངང་གདམ་ག་བྱེད་པ།ལོ་རྒྱུས་ཐོག་ཆགས་པའི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བརྩི་འཇོག་བཅས་བྱས་ཏེ་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ཀྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་འདྲ་མཉམ་གཉིས་ཕན་ཡོང་བར་བྱས་ནས་ཀྲུང་ཨའི་འབྲེལ་བ་དེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་དཔེ་མཚོན་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཀྲུང་ཨའི་མཉམ་ལས་ཀྱི་དུས་བསྟུན་མདུན་སྐྱོད་ལ་སྣེ་ཁྲིད་བྱས་ཏེ་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་པ་རྒྱ་ཁྱབ་ངང་ཐོབ་པར་བྱ་རྒྱུ་དང་། ཕན་ཚུན་བརྟེན་རེས་ཀྱི་འཛམ་གླིང་གི་གནས་བབ་མདུན་དུ་ང་ཚོས་ཨ་རབ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་རྒྱུན་མཐུད་ངང་འབྲེལ་མཐུད་བྱས་ཏེ་རླངས་སྣུམ་དང་། ཚོང་དོན། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་བརྟན་པོར་བསྐྲུན་ནས་མིས་བཟོས་རིག་ནུས་དང་། མ་འཇོག ནུས་རྒྱུ་གསར་པ་སོགས་འཕར་གཞི་གསར་པ་མགྱོགས་མྱུར་ངང་སྐྱེད་སྲིང་བྱས་ཐོག་གསར་གཏོད་དང་། འབྱུང་འཕྲོད། དར་རྒྱས་བཅས་ཀྱི་ལམ་བུའི་ཐོག་མཉམ་དུ་བསྐྱོད་འདོད་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་བསྟུན་མཁས་མིག་ལྟོས་བྱས་ནས་ཀྲུང་ཨའི་འབྲེལ་བ་དེ་ཤེས་དཔལ་དང་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན་མི་འདྲ་བ་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། སྣ་མང་ཅན་གྱི་འཛམ་གླིང་གི་གནས་བབ་མདུན་དུ་སྐད་ཆ་ཤོད་རེས་མང་ཙམ་དང་།འགྲན་རྒོལ་ཉུང་ཙམ། ཁོང་ཡངས་མང་ཙམ། འགལ་རྐྱེན་ཉུང་ཙམ་བཅས་བྱེད་འདོད་ཡོད། ཞི་བདེ་དང་། ཤེས་རྟོགས། ཡིད་རྟོན།ཁོང་ཡངས་བཅས་ནི་ཀྲུང་ཨའི་མི་དམངས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་བཞིན་ཡོད། ང་ཚོས་ཨ་རབ་ཕྱོགས་དང་མཉམ་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་དར་སྤེལ་བཏང་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ།ཤེས་དཔལ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་དུས་རབས་གསར་པའི་དཔེ་མཚོན་མི་འདྲ་བ་ཞིག་འབྲི་འདོད་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱས་ནས་ཀྲུང་ཨའི་འབྲེལ་བ་དེ་གོ་ལ་ཧྲིལ་པོ་སྐྱོང་བའི་ཐབས་ལམ་ཡང་དག་འཚོལ་ཞིབ་བྱེད་པའི་མིག་དཔེ་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ནི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད་མོད། འོན་ཀྱང་བཅོས་སྐྱོང་གི་མཚལ་ཡིག་དང་། ཡིད་ཆེས་ཀྱི་མཚལ་ཡིག ཞི་བདེའི་མཚལ་ཡིག འཕེལ་རྒྱས་ཀྱི་མཚལ་ཡིག་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པས། ང་ཚོས་མཉམ་གྲོས་དང་།མཉམ་སྐྲུན།མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། ང་ཚོས་ཨ་རབ་ཕྱོགས་དང་མཉམ་དུ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་དར་སྤེལ་བཏང་ནས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་བཅོས་སྐྱོང་གི་དཔེ་མཚོན་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

སྐུ་མགྲོན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

ཀྲུང་ཨའི་དབུ་ཚོགས་སྐབས་དང་པོའི་རིང་།ངས་ཀྲུང་ཨའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད་བཏོན་པ་ཡིན། ལོ་གཅིག་ལྷག་ཙམ་རིང་།ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་དང་ཨ་རབ་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ཡིག་ཆར་མིང་རྟགས་བཀོད་པ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ། ལག་རྩལ་སྤོ་སྒྱུར་བཅས་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་། དཔལ་འབྱོར་ཚོང་དོན་དང་ནུས་རྒྱུའི་མཉམ་ལས་སྐས་རིམ་གསར་པར་སླེབས་པ། མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་ཆུང་ལ་ཡག་པའི་དམངས་ཕན་ལས་གྲྭར་མཉམ་དུ་སྐུལ་འདེད་བཏང་བ། འབྲུ་རིགས་བདེ་འཇགས་དང་། འབྱུང་འཕྲོད་གསར་གཏོད། འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་ཕྱིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཉམ་ལས་སྟེགས་བུ་སྤུས་ཚད་མཐོན་པོའི་སྒོ་ནས་འཁོར་སྐྱོད་ཐུབ་པ་བཅས་ལས་ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད་ལ་ཐོག་མའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དུས་མཚམས་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་དེ་རྨང་གཞིར་བྱས་ནས་ཨ་རབ་ཕྱོགས་དང་མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ་བཏོད་དེ་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོཊ་པ་འཛུཊ་སྐྱོང་བྱེད་མགྱོཊ་སུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

གཅིག་ནས་གསོན་ཤུགས་སྔར་ལས་ཆེ་བའི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ཚེ་སྲོག་བདེ་ཐང་དང་། མིས་བཟོས་རིག་ནུས། འབྱུང་འཕྲོད་ཐཱན་ཉུང་། དེང་རབས་ཞིང་ལས། བར་སྣང་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་ཚོད་ལྟ་ཁང་10མཉམ་དུ་འཛུགས་རྒྱུ་དང་། ཨ་རབ་ཕྱོགས་དང་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མིས་བཟོས་རིག་ནུས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ནུས་པ་ཐོན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་བཅོས་སྐྱོང་མ་ལག་ཆགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།ཨ་རབ་ཕྱོགས་དང་མཉམ་དུ་བར་སྣང་ཧྲུག་ལྷེབ་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་བྱང་སྐར་སྤུན་བདུན་ཉེར་སྤྱོད་མཉམ་ལས་འཕེལ་རྒྱས་ལྟེ་གནས་མཉམ་དུ་བསྐྲུན་ནས་མི་སྡོད་འཇིག་རྟེན་འཕུར་སྐྱོད་དང་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད།

གཉིས་ནས་གཞི་ཁྱོན་སྔར་ལས་ཆེ་བའི་མ་འཇོག་དངུལ་རྩའི་རྣམ་པ་ཞིག་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་བཙུགས་ནས་ཀྲུང་གོ་དང་ཨ་རབ་གྱི་དངུལ་ཁང་མཉམ་འབྲེལ་ཚོགས་པ་རྒྱ་ཆེར་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་དབུས་ཤར་བཟོ་ལས་ཅན་གྱི་ཆེད་དོན་དངུལ་བུན་དང་ཀྲུང་གོ་དང་ཨ་རབ་གྱི་དངུལ་རྩའི་མཉམ་ལས་ཀྱི་ཆེད་དོན་དངུལ་བུན་གྱི་མཉམ་ལས་རྣམ་གྲངས་ལག་བསྟར་མགྱོགས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་དངུལ་རྩའི་སྒྲིག་གཞིས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་གོར་དོམ་ཁྲའི་བུན་ལོན་འགྲེམས་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ། ཨ་རབ་ཕྱོགས་ཀྱི་དངུལ་ཁང་སྒྲིག་གཞི་མི་དམངས་ཤོག་སྒོར་གྱི་རྒྱལ་མཚམས་སྒྲོལ་བའི་གཏོང་སྤྲོད་ཞིབ་རྩིས་མ་ལག་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ།ཨ་རབ་ཕྱོགས་དང་ཀྲུང་དབྱང་དངུལ་ཁང་གི་གྲངས་གཞིའི་དངུལ་ལོར་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།

གསུམ་ནས་སྔར་ལས་ལངས་གཟུགས་ཀྱི་ནུས་ཁུངས་མཉམ་ལས་ཀྱི་རྣམ་པ་ཞིག་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་སྣུམ་རླངས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མཁོ་སྤྲོད་བདེ་འཇགས་དང་ཁྲོམ་རའི་བདེ་འཇགས་འབྲེལ་མཐུད་བྱ་རྒྱུ་ཡིན་པ། ཨ་རབ་ཕྱོགས་དང་མཉམ་འབྲེལ་ཐོག་ནུས་རྒྱུ་གསར་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་ཐོན་སྐྱེད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ནུས་རྒྱུའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་ཨ་རབ་རྒྱལ་ཁབ་ཏུ་སྤྱིའི་སྒྲིག་སྦྱོར་གློག་འདོན་འཕྲུལ་འཁོར་གྱི་ཤོང་ཚད་ཝ་ཁྲི་300ལས་བརྒལ་བའི་བསྐྱར་སྐྱེས་ནུས་རྒྱུའི་རྣམ་གྲངས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

བཞི་ནས་དཔལ་འབྱོར་ཚོང་དོན་གཉིས་ཕན་གྱི་རྣམ་པ་སྔར་ལས་དོ་མཉམ་ཡོང་བ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མི་དམངས་ཤོག་སྒོར་དུང་ཕྱུར་30ཡི་འཕེལ་རྒྱས་མཉམ་ལས་རྣམ་གྲངས་ལག་བསྟར་བྱ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཨ་རབ་ཕྱོགས་དང་ཕྱོགས་གཉིས་དང་ས་ཁོངས་ཀྱི་རང་མོས་ཚོང་དོན་གྲོས་མཐུན་གྱི་གྲོས་མོལ་མགྱོགས་སུ་བཏང་ནས་གློག་རྡུལ་ཚོང་དོན་མཉམ་ལས་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 (2024ལོའི་ཟླ་5ཚེས་30ཉིན། པེ་ཅིང་དུ) ཀྲུང་ཨའི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་གི་གཙོ་དོན་གསུང་བཤད། 6 6 拉萨日报藏文 c181906.html 1 མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ། /enpproperty-->