分享按钮

སྟག་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ་སྟག་རྩེ་ཁུལ་ཆུང་གི་ཁང་བདག་ཨུ་ལྷན་གྱི་འདེམས་བསྐོའི་ཚོགས་ཆེན་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།གྲོང་མི་མང་ཚོགས་ཀྱིས་སྡེ་ལས་ཀྱི་ཞབས་ཞུ་གསར་པར་རེ་སྒུག་བྱེད་པ་དང་ཆབས་ཅིག་ཁང་བདག་ཨུ་ལྷན་ནི་སྡེ་ལས་དང་གྲོང་མིའི་འབྲེལ་ཟམ་ལྟ་བུ་ཡིན་པས་དེའི་ནུས་པ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།ཉེ་ཆར།སྟག་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ་སྟག་རྩེ་ཁུལ་ཆུང་གི་ཁང་བདག་ཨུ་ལྷན་གྱི་འདེམས་བསྐོའི་ཚོགས་ཆེན་འཚོགས་པ་རེད།

འདེམས་བསྐོའི་ཚོགས་ཆེན་ཐོག་ལས་དོན་པས་དྲང་གཞག་དང་།དྲང་བདེན།ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ།ཡུལ་དངོས་སུ་འོས་མིའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁང་བདག་ལ་ཐེངས་འདིའི་འདེམས་ཤོག་འཕེན་པའི་ནང་དོན་དང་འདེམས་བསྐོ་བྱེད་སྟངས་རྒྱས་བཤད་བྱས་པ། རྒྱ་ཆེའི་ཁང་བདག་རྣམས་ཀྱིས་དོ་དམ་གྱི་སྤྱི་ཆིངས་དང་འདེམས་བསྐོ་བྱེད་ཐབས་ལ་གྲོས་མོལ་བཅས་བྱས་ནས་རིམ་པ་ལྟར་ཁང་བདག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ལ་བརྡས་ཐག་བཅད་ཡོད། རྒྱ་ཆེའི་ཁང་བདག་རྣམས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་པ་བརྒྱུད་ད་ཐེངས་ཀྱི་འདེམས་བསྐོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

ཁང་བདག་གི་འཐུས་མི་ཡན་ཐན་སུང་གིས་ང་ཚོའི་ཁུལ་ཆུང་ལ་གཞི་ནས་ཁང་བདག་ཨུ་ལྷན་བཙུགས་ཐུབ་པ་དེ་དངོས་གནས་ཡག་པོ་བྱུང་སོང་། ཕྱིས་སུ་རེ་འདུན་དང་དགོས་མཁོ་གང་ཞིག་ཡོད་ཚེ་ཞུ་ས་ཡོད་པས་སྡེ་ཁུལ་གྱིས་རོགས་རམ་བྱས་པར་བརྟེན་ང་ཚོའི་ཁང་བདག་ཡོངས་ཀྱི་སེམས་ཁྲལ་ཐག་གཅོད་ཐུབ་སོང་ཞེས་བཤད།

སྟག་རྩེ་ཆུས་སྟག་རྩེ་ཁུལ་ཆུང་གི་ཁང་བདག་ཨུ་ལྷན་བཙུཊ་པ་དེས་ཁང་བདག་དང་སྡེ་ལས་དབར་འབྲེལ་གཏུཊ་ཀྱི་ཟམ་པ་བསྐྲུན་པ་དང་ཁང་བདག་གི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་གྲོང་མིའི་རེ་འདུན་ཐག་གཅོད་བྱས་པར་མ་ཟད། ཁྱིམ་མཚེས་འཆམ་མཐུན་ལ་སྐུལ་འདེད་བཏང་ནས་གྲོང་མི་རྣམས་གཞི་རིམ་བཅོས་སྐྱོང་གི་ཕན་པ་ཆེ་ཤོས་ཐོབ་མཁན་དུ་གྱུར་ཏེ་མང་ཚོཊ་ཀྱི་དམངས་གཙོའི་འདུ་ཤེས་དང་དམངས་གཙོའི་རང་སྐྱོང་ནུས་པ་ཆེ་རུ་ཕྱིན་པ་དང་མཉམ་སྐྲུན་དང་མཉམ་སྐྱོང་།མཉམ་སྤྱོད་བཅས་འཆམ་མཐུན་གྱི་སྡེ་ཁུལ་བསྐྲུན་རྒྱུར་ཡང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

སྟག་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་ཟླ་བས་ཕྱིས་འབྱུང་མཐུན་སྒྲིལ་སྡེ་ཁུལ་གྱིས་ཁུལ་ཆུང་ཁག་སྒྲིག་འཛུགས་བྱས་ནས་ཁྲིམས་བཀོད་བརྒྱུད་རིམ་ལྟར་ཁུལ་ཆུང་གི་ཏང་རྩ་འཛུགས་དང་།ཁང་བདག་ཨུ་ལྷན།སྡེ་ལས་ཞབས་ཞུའི་ཁེ་ལས་བཅས་ཀྱི་བཅོས་སྐྱོང་བྱེད་སྟངས་བཙུགས་ཏེ།སྟག་རྩེའི་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181763.html 1 སྟག་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ་སྟག་རྩེ་ཁུལ་ཆུང་གི་ཁང་བདག་ཨུ་ལྷན་གྱི་འདེམས་བསྐོའི་ཚོགས་ཆེན་འཚོགས་པ། /enpproperty-->