ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་27ཉིན།ལྷ་ས་གྲོང་ཁྱེར་གྱི་ཞིབ་བཤེར་ཞིབ་དཔྱད་ལས་རིགས་ཀྱི་མཐོ་རིམ་སྤུས་ཚད་ལག་རྩལ་གླེང་སྟེགས་སྐབས་གཉིས་པའི་ཚོགས་འདུ་འཚོགས་ཤིང་། ད་ཐེངས་ཀྱི་གླེང་སྟེགས་ཚོགས་འདུ་དེ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ལྗོངས་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སུའོ་ཡིས་གཙོ་གཉེར་བྱས་པ་དང་།ཕུགས་གཏོད་ལྷ་ས་ཞེས་པའི་ཞིབ་བཤེར་ཞིབ་དཔྱད་བདེན་དཔང་ར་སྤྲོད་ཀྱི་གཅིག་འཐུས་རྣམ་པའི་བློ་འདྲིའི་ཞབས་ཞུའི་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་ཡོད། ལོ་རེའི་ཟླ་5པའི་གཟའ་འཁོར་གསུམ་པ་ནི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ཡིན་པ་དང་།ད་ཐེངས་ཀྱི་གླེང་སྟེགས་ཐོག་འདི་ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་ཞིབ་དཔྱད་ཚད་ལེན་དང་ཚན་རིག་དང་མཐུན་པའི་ཞབས་ཞུ་གཙོ་དོན་དུ་བྱས་ཏེ།ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་ཞིབ་དཔྱད་ཚད་ལེན་ལས་རིགས་ཀྱི་གསར་གཏོད་སྒུལ་ཤུགས་ལ་སྐུལ་སྤེལ་བྱས་ཡོད།
ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཚད་འཇལ་དང་བདེན་དཔང་ར་སྤྲོད་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཝུའེ་ཡིས་མིག་སྔའི་བར་བོད་དུ་ཐོབ་ཐང་ལྡན་པའི་ཞིབ་བཤེར་ཞིབ་དཔྱད་ཀྱི་སྒྲིག་གཞི་261ཡོད་པ་དང་།གཙོ་བོ་ལས་གྲྭའི་སྤུས་ཚད་ཀྱི་ཞིབ་དཔྱད་ཚད་ལེན་དང་།འབྱུང་ཁམས་ཁོར་ཡུག་གི་ཞིབ་དཔྱད་ཚད་ལེན། འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་ཚད་ལེན།ཞིང་ལས་ཐོན་རྫས་ཀྱི་ཞིབ་དཔྱད་ཚད་ལེན་སོགས་ཀྱི་འབྲེལ་ཡོད་ལས་རིགས་གཉེར་བཞིན་ཡོད། ད་ཐེངས་ལྷ་ས་གྲོང་ཁྱེར་གྱིས་ཞིབ་བཤེར་ཞིབ་དཔྱད་ལས་རིགས་ཀྱི་མཐོ་རིམ་སྤུས་ཚད་ལག་རྩལ་གླེང་སྟེགས་སྐབས་གཉིས་པ་གཉེར་བའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་ཞིབ་བཤེར་ཞིབ་དཔྱད་གཅིག་འཐུས་རྣམ་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རང་ལྗོངས་ཀྱི་ཞིབ་བཤེར་ཞིབ་དཔྱད་སྒྲིག་གཞིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཞིབ་བཤེར་ཞིབ་དཔྱད་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལག་རྩལ་གྱི་འགན་ལེན་མཁོ་འདོན་བྱ་རྒྱུ་དེ་རེད་ཅེས་བཤད།
གླེང་སྟེགས་ཚོགས་འདུའི་ཐོག་ལྗོངས་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ཐོབ་ཐང་ངོས་འཛིན་གྱི་ཞིབ་དཔྱད་རིགས་གཅིག་མཁས་ཅན་དང་ལྗོངས་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་དཔྱད་སུའོ་ཡི་སྤུས་ཚད་འགན་འཁུར་བ་བདེ་ཆེན་ཆོས་སྐྱིད་ཀྱིས《ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ཐོབ་ཐང་ངོས་འཛིན་གྱི་ཞིབ་དཔྱད་ཚད་གཞིའི》ནང་དོན་གྱི་གཙོ་གནད་ལ་དམིགས་ནས་ཆེད་ལས་ཀྱི་གསལ་འགྲེལ་བྱས་པ་དང་།དེའི་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་ཁག་གི་ཚོགས་འདུར་ཞུགས་མཁན་ཚོས་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་པ་བརྒྱུད་དྲ་ཐོག་ནས་ལས་རིགས་ཀྱི་སྤུས་ཚད་ལག་རྩལ་ཤེས་བྱའི་འགྲན་བསྡུར་བྱས་པ་དང་འབྲེལ་ལྗོངས་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་དཔྱད་སུའོ་ལ་ལྟ་སྐོར་ཡང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་ཞིབ་དཔྱད་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཆེད།2019ལོར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཕུགས་གཏོད་ལྷ་ས་ཞེས་པའི་ཞིབ་བཤེར་ཞིབ་དཔྱད་བདེན་དཔང་ར་སྤྲོད་ཀྱི་གཅིག་འཐུས་རྣམ་པའི་བློ་འདྲིའི་ཞབས་ཞུའི་ལྟེ་གནས་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་ཕུགས་གཏོད་ལྷ་སའི་ལས་སྟེགས་ཀྱི་ནུས་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ཐོན་ཁུངས་མཉམ་སྤྱོད་དང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社