分享按钮

ཞི་ཅིན་ཕིང་གིས་ཐིག་དམར་ཀུའི་ནེ་ཡའི་སྲིད་འཛིན་ ཨའོ་པི་ཨང་དང་མཇལ་མོལ་གནང་བ།

པར་འདི་ནི་མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་དང་ཨའོ་པི་ཨང་དང་སྐུ་ཟླ་ཁང་སེ་ཐན་ཤིས་ཡ་རྣམ་གཉིས་མཉམ་འཛོམས་ སྐུ་པར་བསྐྱོན་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐིག་དམར་ཀུའེ་ནེ་ཡའི་སྲིད་འཛིན་ཨའོ་པི་ཨང་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་ནི་ཕན་ཚུན་ལྷག་བསམ་ཟོལ་མེད་བཅངས་བའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཡིན་པ་དང་། ཆབ་སྲིད་ཐད་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན།ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རམ་དང་། སྐྱིད་སྡུག་མཉམ་མྱོང་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་ལྷག་བསམ་ཟོལ་མེད་ངང་མཛའ་གྲོགས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། དུས་བབ་གསར་པའི་འོག་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཐིག་དམར་ཀུའེ་ནེ་ཡ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་མཛའ་གྲོགས་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་སྒྱུར་བཅོས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་ཡུན་རིང་སྒུལ་ཤུགས་བསྣན་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐིག་དམར་ཀུའེ་ནེ་ཡའི་དཔལ་འབྱོར་སྣ་མང་ཅན་དང་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181748.html 1 ཞི་ཅིན་ཕིང་གིས་ཐིག་དམར་ཀུའི་ནེ་ཡའི་སྲིད་འཛིན་ ཨའོ་པི་ཨང་དང་མཇལ་མོལ་གནང་བ། /enpproperty-->