ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ།ཟླ་5ཚེས་27ཉིན་གྱི་ཕྱི་དྲོར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པ་བྱས་པ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ལས་ཞུགས་ལས་དོན་གྱི་གནས་བབ་གསར་པ་དང་ལས་འགན་གསར་པ་ཞིག་ཡིན།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ངལ་རྩོལ་པ་སོ་སོས་ལས་ཞུགས་དང་།ཁྲོམ་རའི་ལས་ཞུགས་སྙོམ་སྒྲིག་བྱེད་པ།སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་གཏོང་དང་ལས་གཏོད་ལ་བསྔགས་སྐུལ་བཅས་བྱེད་པའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ།ལས་ཞུགས་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ།རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཀྲུང་གོའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཞིབ་འཇུག་པ་མོ་རུང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན་གནང་བ་རེད།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་རེད།ཁོང་གིས་ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཞིག་ཡིན་པ་དང་།མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་།དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ།རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བ་བཅས་དང་འབྲེལ་བ་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།ཏང་ཀྲུང་དབྱང་གིས་ལས་ཞུགས་ལས་དོན་དེ་རྒྱལ་སྐྱོང་སྲིད་སྐྱོང་གི་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་།ལས་ཞུགས་ལ་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་བ།གནོན་ཤུགས་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ།གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་རེར་ཆ་སྙོམས་ལས་ཞུགས་གསར་དུ་འཕར་མཁན་ཁྲི་1300ཟིན་པ་བཅས་ཀྱི་སྒོ་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད།ལག་ལེན་ཁྲོད་དུས་རབས་གསར་པའི་ལས་ཞུགས་ལས་ཀའི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཉམས་མྱོང་མང་པོ་བསགས་ཡོད།དེའི་ནང་གཙོ་བོ་ལས་ཞུགས་དེ་དམངས་འཚོ་རྩ་བར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།ལས་ཞུགས་སྔོན་ལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་དང་མངོན་གསལ་དོད་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དྲང་གཞག་གི་ལས་ཞུགས་ཁོར་ཡུག་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ།འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་སོགས་ཡིན།ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེན་ཡིན་པས་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社