分享按钮

གཟའ་འཁོར་འདིའི་གཟའ་འགོར་རང་གྲོང་དུ་ཆར་པ་མང་པོ་འབབ་རྒྱུ་ཡིན་པ།

​ས་གཤིས་གནོད་འཚེ་སྔོན་འགོག་ལ་ཤུགས་སྣོན་རྒྱག་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་27ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཟའ་འཁོར་གོང་མའི་དུས་འགོར་རང་གྲོང་དུ་སྤྲིན་པ་ཉུང་ཉུང་འཁོར་ནས་རིམ་གྱིས་སྤྲིན་པ་མང་པོ་འཁོར་ཞིང་། གཟའ་དཀྱིལ་དང་གཟའ་མཇུག་ཏུ་ས་གནས་ཁག་ཏུ་ཆར་པ་བབས་པའི་གནམ་གཤིས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། དེའི་ནང་ནས་བྱང་རྒྱུད་འདམ་གཞུང་རྫོང་དང་ལྷུན་གྲུབ་རྫོང་སོགས་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་དུ་འབབ་ཤུགས་ཅུང་ཆེ་ཙམ་བྱུང་ཡོད། གཟའ་འཁོར་རེའི་ཆར་པ་འབབ་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་འདམ་གཞུང་རྫོང་དུ་བཅུ་ཆ་6ཙམ་མང་བ་ཡོད་པ་དང་། དེ་བྱིངས་མང་ཆེ་བ་ཉུང་ཙམ་ཡོད། གཟའ་འཁོར་རེའི་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་རང་གྲོང་གི་ས་ཆ་མང་ཆེ་བར་ཧྲེ་ཧྲི་ཏུའུ་1ནས་3བར་མཐོ་བ་ཡོད།

སྔོན་དཔག་བྱས་ན་གཟའ་འཁོར་འདིའི་གཟའ་འགོར་རང་གྲོང་དུ་ཆར་པ་འབབ་ཚད་མང་ཞིང་། ས་གནས་ཁག་གཅིག་ཏུ་ཆར་པ་འབབ་ཚད་ཅུང་ཆེ་བ། གཟའ་མཇུག་ཏུ་ཆར་པ་འབབ་ཚད་ཅུང་ཉུང་བ་བཅས་ཡོད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། གཟའ་ཟླ་བ་ནས་གཟའ་ལྷག་པའི་བར་དུ་རང་གྲོང་གི་ས་ཆ་མང་ཆེ་བར་ཆར་པ་ཆུང་བ་འབབ་རྒྱུ་ཡིན་པ་དང་། འདམ་གཞུང་རྫོང་དང་། ལྷུན་གྲུབ་རྫོང་། མལ་འགྲོ་གུང་དཀར་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་པ་འབྲིང་ནས་ཆར་པ་ཆུང་བའི་བར་འབབ་རྒྱུ་ཡིན་པ། གཟའ་ཕུར་བུ་ནས་གཟའ་པ་སངས་བར་ས་གནས་ཁག་ཏུ་སྤྲིན་པ་ཉུང་ཉུང་འཁོར་ནས་རིམ་གྱིས་སྤྲིན་པ་མང་པོ་འཁོར་རྒྱུ་དང་འདམ་གཞུང་རྫོང་དང་མལ་འགྲོ་གུང་དཀར་རྫོང་དུ་གནམ་འཐིབས་ནས་ཆར་པ་འབབ་རྒྱུ་ཡིན་པ། གཟའ་སྤེན་པ་ནས་གཟའ་ཉི་མའི་བར། རང་གྲོང་དུ་སྤྲིན་པ་མང་བའི་གནམ་གཤིས་གཙོ་བོར་བསྟན་རྒྱུ་ཡིན་པ་དང་། དུས་མཚམས་ཁ་ཤས་སུ་གནམ་འཐིབས་ནས་ཆར་པ་སིམ་སིམ་འབབ་རྒྱུ་རེད། གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གཟའ་འགོའི་དུས་སུ་ཆར་པ་འབབ་པའི་གནམ་གཤིས་མངོན་གསལ་དོད་པོ་བསྟན་རྒྱུ་ཡིན་པས། ས་གནས་ཁག་གིས་ཆུ་ལོག་དང་རི་ཉིལ་བ་སོགས་ས་གཤིས་གནོད་འཚེ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དུས་མཚུངས་སུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྔོན་འགོག་གི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་དྲན་སྐུལ་ཞུས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 ​ས་གཤིས་གནོད་འཚེ་སྔོན་འགོག་ལ་ཤུགས་སྣོན་རྒྱག་དགོས། 6 6 拉萨日报藏文 c181739.html 1 གཟའ་འཁོར་འདིའི་གཟའ་འགོར་རང་གྲོང་དུ་ཆར་པ་མང་པོ་འབབ་རྒྱུ་ཡིན་པ། /enpproperty-->