分享按钮

(པར་ངོས་དང་པོར་མཐུད)ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་སྐུལ་འདེད་ཐུབ་པར་བྱེད་དགོས། ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ལས་འགན་ཁག་ཞིབ་ཕྲ་དང་དོན་དངོས་སུ་འགྱུར་བ་དང་། གསལ་ཐོའི་རྣམ་པའི་ཐོག་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཚན་པས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧྲན་ཞི་དང་། ཨན་ཧུའེ། ཅང་ཞི། ཧོ་ནན། ཧུའུ་པེ། ཧུའུ་ནན་སོགས་དབུས་རྒྱུད་ཞིང་ཆེན་དྲུག་གིས་འགན་འཁྲི་གཙོ་བོ་ཏན་ཏིག་ཁུར་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཚོགས་འདུའི་ཐོག དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། གོང་འཕེལ་གྱི་གནས་བབ་ཧྲིལ་པོ། མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་ཅིང་། སྤུས་མཐོའི་གོང་འཕེལ་ཡོང་བར་ངེས་པར་དུ་སྒྲོལ་དགོས་པའི་འགག་གནད་གལ་ཆེན་ཞིག་རེད།《དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བའི་འགན་འཁྲི་བདའ་འདེད་ཀྱི་གཏན་འབེབས(ཚོད་ལྟ་ལག་བསྟར)》ཞེས་པ་བཟོས་ནས་བཏོན་པ་ནི་དངུལ་རྩའི་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་སྔར་བས་གཏོང་བ་དང་། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་དོ་དམ་སྡེ་ཁག་དང་། དངུལ་རྩའི་ལས་ཁུངས། ལས་རིགས་གཙོ་གཉེར་སྡེ་ཁག ས་གནས་ཏང་ཨུད་སྲིད་གཞུང་བཅས་ཀྱི་འགན་འཁྲི་དེ་བས་ཚགས་དམ་དུ་བཏང་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྲིད་དོན་གྱི་བྱས་རྗེས་ལྟ་བ་ཡང་དག་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བ། དངུལ་རྩ་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དེ་ཡིན་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཏན་ཏིག་བྱས་ཏེ། ནན་པོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ནན་པོར་གདོང་གཏད་ཕོད་པ། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། དོ་དམ་ངོ་མ་བྱེད་པ་དང་ནན་པོ་ངོ་མ་བྱེད་པ། འགན་འཁྲི་ཤོར་ཚེ་ངེས་པར་དུ་འདྲི་རྩད་དང་འགན་འཁྲི་རྩད་གཅོད་བྱས་ཚེ་ངེས་པར་དུ་ནན་པོ་བྱེད་པའི་བརྡ་རྟགས་དྲག་པོ་གཏོང་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་གྱིས་དངོས་སུ་དྲག་ནན་རྣམ་པའི་ཟིལ་གནོན་གྱི་ནུས་པ་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནན་པོའི་བྱེད་ཕྱོགས་དང་། ནན་པོའི་བྱ་ཐབས། ནན་པོའི་རྣམ་པ་བཅས་དངུལ་རྩའི་ཁྱབ་ཁོངས་སུ་རྩ་བ་ཚུགས་ཤིང་ཡུན་རིང་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181737.html 1 /enpproperty-->