ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སློབ་མཚམས་ཁག་གི་སློབ་ཐོན་དུས་ཚིགས་འཆར་ཉེར་ཡོད་པ་དང་བསྟུན་ནས།ཁྱིམ་བདག་དང་སློབ་མ་མི་ཉུང་བ་ཞིག་གིས་སློབ་ཆུང་ནས་མཐོ་རིམ་སློབ་གྲྭ་བར་གྱི་འབྲེལ་མཐུད་དམ་ཡང་ན་སློབ་ཆེན་ནས་སྤྱི་ཚོགས་དབར་གྱི་བར་བརྒལ་ཇི་ལྟར་བྱ་རྒྱུའི་ཐད་སོམ་ཉིའི་དྲ་བར་ཚུད་ཡོད། ཉེ་ཆར།ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་སྟེ་གྲོང་ཁྱེར་དཔེ་ཁང་གིས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ལྷག་པ་ཚེ་རིང་གདན་དྲངས་ནས་ཤི་འར་ཏུན་གྲོགས་བསུའི་གསོལ་མགྲོན་ཁང་དུ་དུས་མཚམས་དམའ་བའི་སློབ་གྲྭ་ནས་དུས་མཚམས་མཐོ་བའི་སློབ་གྲྭ་བར་ཇི་ལྟར་སྦྲེལ་མཐུད་བྱ་རྒྱུའི་ཆེད་དོན་འཆད་ཁྲིད་བྱས་ཏེ་རྒྱ་ཆེའི་ཁྱིམ་བདག་དང་སློབ་མའི་དོཊ་གཞི་བསལ་པ་རེད།
འཆད་ཁྲིད་དེ་བུ་བཅོལ་ཁང་ནས་སློབ་ཆུང་བར་དང་།སློབ་ཆུང་ནས་དམའ་རིམ་སློབ་འབྲིང་བར། དམའ་རིམ་སློབ་འབྲིང་ནས་མཐོ་རིམ་སློབ་འབྲིང་བར། མཐོ་རིམ་སློབ་འབྲིང་ནས་སློབ་ཆེན་བར།སློབ་ཆེན་ནས་སྤྱི་ཚོགས་བར་བཅས་ཀྱི་ནང་དོན་ལྔ་ལ་དམིགས་ནས་དཔེ་བཞག་པ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་མ་རྣམས་རྗེས་མའི་སློབ་སྦྱོང་འཚོ་བར་ཇི་ལྟར་འཕྲོད་དགོས་པ་དང་། ཁྱིམ་ཚང་སློབ་མའི་སློབ་གསོར་ཇི་ལྟར་ཞུགས་དགོས་པ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་གསལ་པོ་བརྒྱབ་སྟེ་སློབ་མ་དང་ཁྱིམ་བདག་ལ་སྐུལ་ལྕག་བྱས་པ་རེད།དེ་དང་ཆབས་ཅིག་མཉམ་འགུལ་གྱི་ལྷུ་ཚིགས་བརྒྱུད་ཁྱིམ་བདག་དང་སློབ་ཆེན་ཐོན་མ་ཐག་པའི་སློབ་མས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་ནས་དེ་མཚུངས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་བཏོན་ཡོད་པ་རེད།
དཔལ་ལྡན་དགོན་པོས་སྤྱི་ཚོགས་ཐོག་བསྐྱོད་མ་ཐག་པའི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་འཆད་ཁྲིད་ལ་ཉན་པ་བརྒྱུད་སྤྱི་ཚོགས་ཐོག་བསྐྱོད་རྗེས་དུས་ཚོད་ལ་གཅེས་སྤྲས་བྱེད་པ་དང་། འཚོ་བར་འཆར་འགོད་བྱེད་དགོས་པ་ཤེས་བྱུང་ཞེས་བཤད་པ་རེད།
ད་ཐེངས་ཀྱི་ཆེད་དོན་འཆད་ཁྲིད་ནི་བབ་ཆགས་པ་དང་ངོ་མཚར་ཆེ་བ་དང་།བྱ་ཐབས་སྤྱོད་གོ་ཆོད་པ་དང་ཕན་ནུས་ལྡན་པ་ཞིག་ཡིན་པས། ཁྱིམ་བདག་ཚོར་ཕན་པ་མི་ཉུང་བ་ཞིག་ཐོབ་ནས་ཁྱིམ་བདག་གི་བློ་སྒོ་ཕྱེ་ཡོད། ཁྱིམ་བདག་ཉི་མ་རྡོ་རྗེས་ངའི་ཕྲུ་གུ་ད་ལྟ་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པར་སླེབས་ཡོད།འགག་རྩའི་དུས་སྐབས་འདིར་ཕྲུ་གུའི་སློབ་ཆེན་གྱི་འདོད་མོས་རེའུ་མིག་རྒྱོང་བའི་ཐད་ང་མགོ་འཐོམ་གྱི་འདུག ད་ཐེངས་ཀྱི་འཆད་ཁྲིད་ནང་ཆེད་ལས་དགེ་རྒན་གྱི་འགྲེལ་བཤད་དང་མཛུབ་སྟོན་བྱས་པ་བརྒྱུད།ང་ལ་བློ་སྒོ་ཕྱེ་ནས་རོགས་རམ་ཡང་ཆེན་པོ་ཐོབ་བྱུང་ཞེས་བཤད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社