分享按钮

སྟག་རྩེ་ཆུས་ཀྱི་རིག་གནས་གྱང་ལས་མཛེས་སྡུག་ལྡན་པའི་ གྲོང་གསེབ་ཀྱི་དར་སྲོལ་གསར་པ་མངོན་པ།

པར་འདི་ནི་སྟག་རྩེ་ཆུས་འབྲོམ་ཐོད་གྲོང་ཚོའི་རིག་གནས་གྱང་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མིའི་འཚོ་སྡོད་ལ་འཚམ་པ་དང་བཀོད་གཙང་གི་འཚོ་བའི་ཁོར་ཡུག་སྔར་བས་གཏོད་ཆེད། སྟག་རྩེ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་དམིགས་ཏེ།མཛེས་སྡུག་ལྡན་པའི་མིའི་འཚོ་སྡོད་དང་འཚམ་པ་དང་།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་དམིགས་ཚད་ཕྱོགས་སུ་ཤུགས་རྒྱག་པ་དང་། ཁོར་ཡུག་བཅོས་སྒྲིག་ཐད་བྱ་སྤྱོད་དངོས་སྤེལ་བར་བརྟེན་ནས་མིའི་འཚོ་སྡོད་ཁོར་ཡུག་གི་རྣམ་པ་གསར་པ་མངོན་པར་བྱས་ཡོད།

གྱང་རེར་རིག་གནས་རེ་དང་། གྱང་རེར་ཡུལ་ལྗོངས་རེ་ཡོད། ཉིན་ཤས་གོང་། སྟག་རྩེ་ཆུས་འབྲོམ་ཐོད་གྲོང་ཚོ་དང་གེ་རེ་གྲོང་ཚོར་གསར་བརྗེའི་གཞི་རྒྱུ་མཚོན་པ་དང་། གྲོང་གསེབ་ཀྱི་ཞིང་སྡེའི་འཚོ་བ་དང་ཤེས་དཔལ་ཤང་སྲོལ་ངོམ་སྟོན་གཙོ་དོན་དུ་བྱས་པའི་ལྡེབས་རིས་རེ་རེ་མིག་ལམ་དུ་འཆར། རིག་གནས་གྱང་གི་ནང་དོན་སྣ་མང་ཕུན་སུམ་ཚོགས་ཤིང་ཉམས་འགྱུར་གྱིས་ཕྱུག་པ་དང་། རྣམ་པ་དཔེ་གསར་དང་ཁྱད་ཆོས་ལྡན་པ། མཛེས་སྡུག་རང་བཞིན་དང་། ཤེས་བྱའི་རང་བཞིན། སྤྱན་གཟིགས་རང་བཞིན་བཅས་གཞི་གཅིག་ཏུ་འདུས་ཡོད་པ། གྲོང་ཚོ་སོ་སོའི་སྲོལ་རྒྱུན་དང་ཁྱད་ཆོས་མི་འདྲ་བར་གཞིགས་ནས་ཆེད་མངགས་ཇུས་འགོད་བྱས་ཏེ་རང་ཡུལ་གྱི་རིག་གནས་དེ་བས་མང་བ་བསྣན་ནས་གྲོང་ཚོའི་ཁྱད་ཆོས་མངོན་གསལ་དོད་དུ་བཏང་ཡོད།

ཡུལ་མི་པདྨ་ཚེ་རིང་གིས་གྲོང་ཚོའི་ནང་སྒོ་རྩིས་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད་པས། ཚོང་ཁང་དུ་སྐྱོད་སྐབས་ཉིན་ལྟར་རིག་གནས་གྱང་དེ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད། ཁོང་གིས་རིག་གནས་གྱང་དེ་ཕར་བལྟ་དུས་ཧ་ཅང་མཛེས་པོ་ཡོད་པ་དང་མི་རིཊ་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པས་གྲོང་ཚོར་མཛེས་རྒྱན་སྤྲས་ཡོད་ལ་ང་ཚོར་གྲོང་གསེབ་ཀྱི་ཁྱིམ་གཞིས་དེ་བས་ལེཊ་པ་བསྐྲུན་རྒྱུར་སྐུལ་ལྕག་ཀྱང་བྱེད་ཀྱི་ཡོད་ཅེས་བཤད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཁྲོད་སྟག་རྩེ་ཆུས་ཀྱི་ཤང་དང་གྲོང་ཚོ་ཁག་གིས་རིག་གནས་གྱང་གཞི་རྟེན་དུ་བྱས་ནས་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ་དང་། སྣ་མང་ཕུན་སུམ་ཚོགས་པའི་ལྡེབས་རིས་ཀྱིས་དེ་སྔའི་གྱང་རྙིང་པའི་ཐོག་མཛེས་རིས་གང་ཡང་མེད་པའི་རྣམ་པ་དེ་ད་ཆ་་ཚོན་མདངས་རྣམ་པར་བཀྲ་ཞིང་། གཟུགས་བརྙན་གསོན་ཉམས་དོད་པ། གྱང་ངོས་ཀྱི་ཡི་གེ་གོ་བདེ་བ། རྣམ་པ་སྣ་ཚོཊ་པ་བཅས་ཀྱི་ནང་དོན་བཀོད་སྒྲིག་བྱས་པ་དེར་གྲོང་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། གྲོང་གསེབ་ཀྱི་ལྡེབས་རིས་དེ་དག་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུཊ་སྐྲུན་ལ་ཁྱད་ཆོས་མི་འདྲ་བ་བསྣན་ཡོད་ལ། ཡུལ་མི་རྣམས་ཀྱི་ཤེས་དཔལ་ཡར་ཐོན་གྱི་འཚོ་བའི་གོམས་གཤིས་ལ་སྣེ་ཁྲིད་ཀྱང་བྱས་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་ཚུན། སྟག་རྩེ་ཆུས་གེ་རེ་གྲོང་ཚོས་གཟའ་འཁོར་རེའི་གཟའ་མིག་དམར་དང་གཟའ་པ་སངས་ལ་དུས་བཀག་ལྟར་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཡོངས་ལ་གཙང་སྦྲ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། མིག་སྔའི་བར། མི་ཐེངས་3000དང་འཁོར་རིགས་ཐེངས་20ལྷག་ཙམ་བཏང་ནས་གད་སྙིཊ་ཁྱོན་ཏུན་20གཙང་སེལ་བཅས་བྱས་པ་དང་། གཞན་ཡང་གྲོང་ཚོ་ཨུ་ལྷན་གྱིས་ད་དུང་ཁོངས་གཏོཊ་ཁུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ཤུཊ་ཆེན་བྱས་ཏེ་རང་དགར་འཛུཊ་སྐྲུན་བྱས་པའི་སྐྲུན་དངོས་3བཤིགས་ཡོད།

སྟག་རྩེ་ཆུས་གེ་རེ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧུའུ་ཧའེ་ཡིས་ཕྱིས་འབྱུང་།ང་ཚོས་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཐབས་ལམ་དང་བྱ་ཐབས་དེ་བས་མང་བ་བརྒྱུད་ཁོར་ཡུག་འཕྲོད་བསྟེན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་མུ་མཐུད་ཤུཊ་སྣོན་རྒྱག་རྒྱུ་དང་འབྲེལ། སྒྲིག་འཛུགས་ཀྱི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་བདེ་བླག་ངང་སྤེལ་བ་དང་མུ་མཐུད་སྤེལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-28 6 6 拉萨日报藏文 c182021.html 1 སྟག་རྩེ་ཆུས་ཀྱི་རིག་གནས་གྱང་ལས་མཛེས་སྡུག་ལྡན་པའི་ གྲོང་གསེབ་ཀྱི་དར་སྲོལ་གསར་པ་མངོན་པ། /enpproperty-->