分享按钮

《ཕྱོཊ་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུཊ་སྐྱོང་ལ་ཤུཊ་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》པར་འགྲེམས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ་སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་ནང་བཅུག་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཁྲིམས་ཁག་ཕྱོགས་ཡོངས་ནས་ནན་ཞིང་མཐའ་འཁྱོངས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་། སྒྲིག་ཁྲིམས་དེ་ཁྲིམས་ལུགས་ལས་ནན་ཞིང་སྒྲིག་ཁྲིམས་སྲུང་བ་དང་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ནས་རྣམ་པ་བཞི་ཡི་སྲིད་ཇུས་དང་ཐབས་ཇུས་བེད་སྤྱོད་གཏིང་ཟབ་བྱས་པ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་མངོན་གསལ་དོད་པོས་བཙུགས་པ་དང་ནན་དུ་བཏང་བས་ཏང་དོ་དམ་དང་ཏང་སྐྱོང་གི་ཟབ་ཟོབ་ལྷོད་གཡེང་གི་གནས་ཚུལ་རྩ་བའི་ཐོག་ནས་ལེགས་བཅོས་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ནི་དགོངས་པ་བཞེད་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་སྟབས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་བླང་བྱ་ནན་པོ་དེ་ཏང་གི་སྒྲིག་སྲོལ་གཏན་འབེབས་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ཏེ་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་། སྒྲིག་ཁྲིམས་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་ཏེ་ཏང་ཡོངས་ཀྱི་དམིགས་འབེན་གཅིག་གྱུར་དང་། མཐུན་སྒྲིལ་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

《རྒྱས་བཤད་གནད་བསྡུས》ལ་ཆེད་དོན་10ལ་དབྱེ་ནས་ཁྱོན་རྣམ་བཤད་དུམ་བུ་329ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་4པའི་བར་གྱི་སྙན་ཞུ་དང་། གསུང་བཤད། གསལ་བཤད། རྩོམ་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་གནད་བསྡུས་བྱས་ཤིང་། དེའི་ནང་གི་རྒྱས་བཤད་ཁག་གཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་ངང་སྤེལ་བ་ཞིག་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-28 6 6 拉萨日报藏文 c182017.html 1 《ཕྱོཊ་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུཊ་སྐྱོང་ལ་ཤུཊ་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》པར་འགྲེམས་བྱས་པ། /enpproperty-->