分享按钮

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པར་རང་ལྗོངས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

རི་སྔོན་ཆུ་དྭངས་ཁྲོད་ཀྱི་འབྱུང་ཁམས་རིག་གནས་ ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་འདི་ཉིད་ནི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དང་། རང་བྱུང་ཡུལ་ལྗོངས་དང་མི་རིགས་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གནས་མཆོག་ཅིག་ཡིན། ན་ནིང་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5517ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་651ཟིན་ནས་བརྒྱ་ཆ་83.7དང་བརྒྱ་ཆ་60འཕར་ཡོད་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁྲི་2ཙམ་ཟིན་ཡོད། འདི་ལོའི་དུས་ཚིགས་དང་པོར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་4300ལྷག་ཙམ་ཟིན་ཡོད། ཡུལ་སྐོར་ལས་རིགས་དེ་དམངས་ཕྱུག་ཐོན་ལས་དངོས་སུ་གྱུར་ཡོད་ཅེས་ཟླ་5ཚེས་23ཉིན་གྱི་ཕྱི་དྲོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་རེད།ཚོགས་འདུའི་ཐོག་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐོར་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།

མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྒོད་སྐྱེས་ཀྱིས་མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་དོན་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་འཆར་འགོད་ཐོས་སྐབས་སེམས་པ་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

རྒོད་སྐྱེས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་185.01ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་19.71ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་97.4དང་བརྒྱ་ཆ་89.6འཕར་ཡོད། དེས་མ་ཚད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-28 རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པར་རང་ལྗོངས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c182015.html 1 རི་སྔོན་ཆུ་དྭངས་ཁྲོད་ཀྱི་འབྱུང་ཁམས་རིག་གནས་ ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ། /enpproperty-->