ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2023ལོའི་ཟླ་5པར། ལྷ་ས་གྲོང་ཁྱེར་འདི་ཉིད་ལོ་ལྔ་ཚན་བཅུ་བཞི་པའི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་གྱི་དཔེ་སྟོན་གྲོང་ཁྱེར་ཁག་གསུམ་པར་བདམས་ཡོད་ཅིང་།ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་རྣམ་པའི་སྤྱི་གླིང་གི་སྤང་ལྗོངས་ནི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་ཁྲོད་ཤོང་ཚད་ཆེ་ཤོས་དང་ཆུ་འཇིབ་ཚད་ཅུང་མཐོ་བའི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གཟུགས་ཤིག་རེད། མིག་སྔར་སྐྲུན་བཞིན་པའི་ཡུན་ཐེན་མཚེའུ་སྤྱི་གླིང་གི་རྣམ་གྲངས་ནི་རང་གྲོང་གིས་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་གྱི་ཇུས་འགོད་འདུ་ཤེས་ནང་འདྲེན་བྱེད་ཐེངས་དང་པོ་ཡིན་པ་རེད། ཉེ་ཆར།གསར་འགོད་པས་ལྷ་སའི་ཡུན་ཐེན་མཚེའུ་སྤྱི་གླིང་རྣམ་གྲངས་ལ་བཅར་འདྲི་བྱས་པ་དང་འབྲེལ་རྣམ་གྲངས་ཀྱི་འཕེལ་རིམ་དང་ཇུས་འགོད་ཐད་ཀྲུང་གོའི་རྒྱུ་ཆ་ཁེ་ཕུའུ(པེ་ཅིང)འབྱུང་ཁམས་ཁོར་ཡུག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་ཁོར་ཡུག་ཉམས་གསོའི་རིགས་གཅིག་མཁས་ཅན་སུའེ་ཡན་ལི་ལ་བཅར་འདྲི་བྱས་པ་རེད།
ཡུན་ཐེན་མཚེའུ་སྤྱི་གླིང་གི་རྣམ་གྲངས་དེ་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་གནས་ཡོད་ཅིང་།རྣམ་གྲངས་ཀྱི་ས་ངོས་རྒྱ་ཁྱོན་ལ་སྨི་ངོས་གྲུ་71770ཟིན་གྱི་ཡོད་པ་དང་།ས་བབ་ཧྲིལ་པོ་ལྷོ་མཐོ་ཞིང་བྱང་དམའ་བར་བརྟེན་ལྷ་སར་མིག་སྔར་བསྐྲུན་བཞིན་པའི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་སྒྲིག་ཆས་ཕུན་སུམ་ཚོགས་ཤོས་ཀྱི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་རྣམ་པའི་སྤྱི་གླིང་གི་གྲས་ཤིག་ཡིན་པ་རེད།
རྣམ་གྲངས་དེའི་ཇུས་འགོད་རིགས་གཅིག་མཁས་ཅན་སུའེ་ཡན་ལིས་རྣམ་གྲངས་ཆེ་གྲས་དེའི་ནང་ཁོང་གིས་རང་ཉིད་ཀྱི་ཁེ་བེད་བདག་ཐོབ་ཀྱི་ས་རྒྱུའི་ནང་གི་སྲ་གཟུགས་ཟོག་རོ་ཞིབ་དཔྱད་ཚད་ལེན་གྱི་དཔེ་ལེན་སྒྲིག་ཆས་དང་།ར་སྐོར་གྱི་གཏན་འཇགས་ཀྱི་སྒྲིག་ཆས།ར་སྐོར་གྱི་ཀ་བའི་སྦྲེལ་མཐུད་ལྷུ་ལག་བཅས་བེད་སྤྱོད་བྱས་ནས་སྤྱི་གླིང་གི་ལམ་ངོས་མང་ཆེ་བར་ཆུ་སིམ་པའི་ཨར་འདམ་བཏིང་ཡོད་པ་རེད།སྤྱིར་བཏང་གི་ཨར་འདམ་དང་བསྡུར་ན།ཆུ་སིམ་པའི་ཨར་འདམ་ལ་ཆུ་སིམ་པའི་ནུས་པ་ལེགས་པོ་ལྡན་པས།ཆར་ཆུ་མགྱོགས་མྱུར་ངང་ས་འོག་ཏུ་སིམ་པ་དང་།ལམ་ངོས་སུ་ཆུ་འཁྱིལ་བ་ཇེ་ཉུང་དུ་གཏོང་བ།ས་འོག་གི་ཆུ་ཁ་གསབ་བྱེད་པ་བཅས་དང་།ཆུ་འབུད་མ་ལག་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་ཅེས་ངོས་སྤྲོད་བྱས་པ་རེད།
ཆུ་སིམ་པའི་འགྲོ་ལམ་ཕུད།ས་བབ་དམའ་བའི་སྤང་ལྗོངས་དང་ཆར་ཆུ་ལྡུམ་རའི་ནང་དུ་འདུས་པ་དང་བསྡུ་ལེན་བྱེད་ཐུབ་ལ།རྩི་ཤིང་དང་བྱེ་ས་ཕྱོགས་བསྡུས་ཀྱི་ནུས་པ་བརྒྱུད་ཆར་ཆུ་གཙང་འགྱུར་བྱེད་ཐུབ།སུའེ་ཡན་ལིས་གསར་འགོད་པར་མིག་སྔར་རྣམ་གྲངས་ཀྱི་སྤྱིའི་བརྒྱ་ཆ་92བསྐྲུན་ཟིན་ནས་སྤང་འདེབས་པ་དང་།ཆུ་སིམ་པའི་ལམ་ངོས་འདིང་བ།རྡོ་གཅལ་ལམ་ངོས་དང་ཐང་ཆེན་གྱི་རྡོ་གཅལ་འདིང་བ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད།ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་སྤྱི་གླིང་གིས་ཆུ་རང་བྱུང་གསོག་འཇོག་དང་།རང་བྱུང་སིམ་འཛུལ།རང་བྱུང་ཆུ་གཙང་འགྱུར་བཅས་ཐུབ་ནས་འབྱུང་ཁམས་དང་།བདེ་འཇགས།རྒྱུན་མཐུད་བཅས་ཀྱི་གྲོང་ཁྱེར་གྱི་ཆུ་འཁོར་རྒྱུག་མ་ལག་ལ་སྐུལ་འདེད་གཏོང་ཐུབ་པས་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་སྤྱི་གླིང་དེ་ཆར་ཆུ་དང་ཆུ་ལོག་གི་ཆུ་སིམ་ཁུལ་དང་ནུས་ལྡན་གྱི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社