2024ལོའི་ཟླ་5ཚེས་9ཉིན། འདམ་གཞུང་རྫོང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས་ཤིང་། པ་སངས་ཚེ་རིང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིར་གསབ་འདེམས་བྱས་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་རྩ་གཉིས་པའི་ཐོག་པ་སངས་ཚེ་རིང་གི་འཐུས་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱས་ཏེ་ནུས་པ་ཐོན་པའི་ངོས་འཛིན་གཏན་འཁེལ་བྱས་པ།
ཐེངས་འདིའི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ལ་འགྱུར་ལྡོག་བཏང་རྗེས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པར་འཐུས་མི་250ཡོད།
ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོཊ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།
2024ལོའི་ཟླ་5ཚེས་24ཉིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社