分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ།

ཧོ་ཕུང་གིས་གསུང་བཤད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་24ཉིན།གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོཊ་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས་འབྲེལ་ཡོད་ལས་འགན་འཁུར་རྒྱུའི་གྲོས་གཞི་དང་། འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ལ་འགྱུར་ལྡོག་གཏོང་རྒྱུའི་སྐོར་གྱི་གྲོས་གཞི།《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཁང་བདག་ཁོངས་དོ་དམ་སྲོལ་ཡིག》མེད་པ་བཟོ་རྒྱུའི་སྐོར་གྱི་གྲོས་གཞི།《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་ཉན་པ་དང་གྲོས་ཞིབ་བྱས་པ་རེད། ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས(མ་ཟིན)དང་། 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཁང་བདག་ཁོངས་དོ་དམ་སྲོལ་ཡིག》མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་དང་དེ་བཞིན་འབྲེལ་ཡོད་མི་སྣས་ལས་འགན་འཁུར་བའི་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པར་ལས་གནས་བསྐོ་གཞག་གི་ལག་ཁྱེར་སྤྲད་པ་དང་འབྲེལ་རྩ་ཁྲིམས་ཀྱི་དམ་བཅའ་ཡང་བཞག་པ་རེད།

ཧོ་ཕུང་གིས་བླང་བྱ་བཏོན་དོན།ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། གྲོང་ཨུད་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཟུང་འབྲེལ་དམ་ཟབ། མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་དང་ཟུང་འབྲེལ་དམ་ཟབ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཁག་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་།གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་བཅས་བྱ་སྤྱོད་ཆེན་པོ་གསུམ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བྱ་སྤྱོད་ཆེན་པོ་གསུམ་གྱི་ཁྲོད་དམངས་ཀྱི་འདོད་བློ་མཚོན་པ་དང་། ཇུས་ཐག་གཅོད་པའི་ནང་ཞུགས་པ། སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མི་དང་། འཐུས་མི་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དམངས་ཀྱི་སྐད་སྒྲར་ཉན་པ་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་སེམས་འབྲེལ་ཟམ་པ་འཛུགས་དགོས་པ།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་རྒྱུན་མཐུད་ངང་དམ་འཛིན་ནན་ཏན་བྱས་ཏེ།གཏན་འབེབས་བྱ་སྤྱོད་རྒྱུན་འཁྱོངས་བྱས་ནས་གོ་བ་ལེན་པ་དང་།ཁོང་དུ་ཆུད་པ།དངོས་སུ་སྒྲུབ་པ་བཅས་བྱེད་དགོས་པ།ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་། ཏང་གི་སྒྲིག་ཁྲིམས་ནན་པོ། འགན་འཁྲི་ཧུར་ཐག་འཁུར་བ་བཅས་ཀྱི་ཐད་བྱས་རྗེས་དངོས་ལ་བརྟེན་ནས་མིག་དཔེ་འཇོག་དགོས་པ།སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་དང་བྱ་གཞག་གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་བར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ ཕེང་ཧྥེ་ཡུའེ། ཚེ་རིང་དོན་གྲུབ། འཕྲིན་ལས་དར་རྒྱས་དང་དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཡོད་པ་དང་། གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་དང་། གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་།གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-26 ཧོ་ཕུང་གིས་གསུང་བཤད་གནང་བ། 6 6 拉萨日报藏文 c181557.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ། /enpproperty-->