(པར་ངོས་དང་པོར་མཐུད)ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།
ཞིབ་བཤེར་རྩིས་ལེན་གྱི་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་མ་ལག་གསར་སྤེལ་བའི་ལག་རྩལ་སྙན་ཞུར་ནན་ཏན་གྱིས་གསན་པ་དང་། སྟེགས་བུ་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། འབྲེལ་ཡོད་ཞིབ་བཤེར་རྩིས་ལེན་གྱི་དཔྱད་ཡིག་ལ་ཞིབ་ལྟ་བྱས་པ། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་དང་། ཧྲན་ཤིས་ཞིང་ཆེན་གནམ་གཤིས་ལས་ཁུངས། ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་བཅས་ཀྱི་རིགས་གཅིག་མཁས་ཅན་གྱིས་རྣམ་གྲངས་འཛུགས་སྐྲུན་ཐད་བསམ་འཆར་རྩ་ཆེན་བཏོན་པ་དང་། མ་ལག་གི་ནུས་པ་སྔར་བས་འཐུས་ཚང་དུ་གཏོང་བ། འཁོར་སྐྱོད་བརྟན་པོ་ཡོང་བར་བྱེད་པ། གནམ་གཤིས་ཀྱི་གནོད་འཚེ་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་བྱས་ནས་བཞུགས་མོལ་བྱས་པ་རེད། ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་ཏང་ཙུའུ་ཡིས་རྣམ་གྲངས་ཚོགས་པས་རིག་ནུས་དྲ་མིག་སྔོན་བརྡའི་ཞིབ་བཤེར་ལས་དོན་དང་དོན་དངོས་ཀྱི་སྔོན་བརྡའི་བྱ་ཐབས་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་གང་མགྱོགས་ལག་ལེན་དངོས་སུ་འགྱུར་བར་བྱས་ནས་སྔོན་བརྡའི་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社