分享按钮

2024ལོའི་རྒྱལ་ཡོངས་ཀྱི་རྩིས་གཉེར་ཆེད་ལས་ཀྱི་ཐོག་མའི་ལག་རྩལ་ཐོབ་ཐང་དང་མཐོ་རིམ་ལག་རྩལ་ཐོབ་ཐང་གི་ཤོག་བུ་མེད་པའི་ཡིག་རྒྱུཊ་ཀྱི་རང་ལྗོངས་རྒྱུགས་ཁུལ་གྱི་ཡིག་རྒྱུཊ་གཏོང་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་18ཉིན་ནས་ཚེས་22ཉིན་བར།2024ལོའི་རྒྱལ་ཡོངས་རྩིས་གཉེར་ཆེད་ལས་ཀྱི་ཐོག་མའི་ལག་རྩལ་ཐོབ་ཐང་དང་མཐོ་རིམ་ལག་རྩལ་ཐོབ་ཐང་གི་ཤོག་བུ་མེད་པའི་ཡིག་རྒྱུགས་ཀྱི་རང་ལྗོངས་རྒྱུཊ་ཁུལ་གྱི་ཡིག་རྒྱུགས་བདེ་བླག་ངང་གཏོང་འགོ་ཚུགས་ཡོད།ད་ཐེངས་ཀྱི་རྒྱུགས་ལེན་ཐེངས་ཁག་9གཉེར་རྒྱུ་དང་།རྒྱུགས་སྤྲོད་སློབ་མ་6426ཡོད་པའི་ནང་དམའ་རིམ་རྒྱུགས་ལེན་ཐེངས་ཁག་9(མཐོ་རིམ་རྒྱུགས་ལེན་ཐེངས་གཅིག་ཚུད་པ)དང་རྒྱུཊ་སྤྲོད་སློབ་མ་6338ཡོད་པ་དང་། མཐོ་རིམ་རྒྱུགས་ལེན་ཐེངས་གཅིག་ལ་རྒྱུགས་སྤྲོད་སློབ་མ་88ཡོད།

ཡིག་རྒྱུགས་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་ཆེད།བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་སྔོན་ལ་འཆར་འགོད་དང་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་།རྩིས་གཉེར་ཆེད་ལས་ལག་རྩལ་ཐོབ་ཐང་གི་ཡིག་རྒྱུགས་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་པ་དང་།རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུ་རྒྱུ་དེ་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་མཚོན་ཚུལ་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཡིག་རྒྱུགས་ལས་དོན་བརྟན་པོའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་སྟེ།

གཅིག་ནས་རྒྱུགས་ལེན་དོ་དམ་ལས་ཀའི་ཆུ་ཚད་ལ་ཤུགས་སྣོན་བརྒྱབ་པ།ནོར་སྲིད་པུའུ་ཡི་གཅིག་གྱུར་རྒྱུགས་གནས(རྒྱུགས་ར)བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་།ས་གནས་ཁག་དང་གྲོང་ཁྱེར་གྱི་ནོར་སྲིད་ཅུས་སྒྲིག་འཛུགས་བྱས་ནས་རྒྱུགས་ཡུལ་གྱི་ཁོར་ཡུག་ལ་ཞིབ་བཤེར་དང་།རྒྱུགས་ལེན་མཁྲེགས་ཆས་ལ་ཞིབ་བཤེར།རྒྱུགས་ལེན་མ་བྱས་གོང་གི་བརྒྱུད་རིམ་ཡོངས་ཀྱི་དཔེ་མཚོན་རྒྱུགས་ལེན་ནང་སྦྱོང་སོགས་ཀྱི་ལས་དོན་སྔ་སྣུར་དུ་ཡག་པོ་བསྒྲུབས་ཏེ་རྒྱུགས་ལེན་སྒྲིག་ཆས་དང་།དྲ་རྒྱ།གློག་ཤུགས་བཅས་ཀྱི་བརྟན་བརླིང་རང་བཞིན་འགན་ལེན་བྱ་རྒྱུར་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་རྒྱུགས་ལེན་བདེ་བླག་དང་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ་དང་།གཉིས་ནས་རྒྱུགས་ལེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ། རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་བོད་ལྗོངས་རྩིས་གཉེར་དྲ་བ་དང་འཕྲིན་ཕྲན་སྤྱི་སྟེགས་སོགས་ཀྱི་བྱ་ཐབས་བརྒྱུད།རྒྱུགས་སྤྲོད་སློབ་མར་རང་འགུལ་ངང་རྒྱུགས་སྤྲོད་ཀྱི་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱས་པ་དང་།དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཐོག་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས་རྒྱུགས་སྤྲོད་སློབ་མ་དེ་བས་མང་བ་རྒྱུགས་སྤྲོད་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།དུས་མཚུངས།རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རྒྱལ་ནང་གི་ཕུལ་བྱུང་ཆེད་ལས་དགེ་རྒན་གདན་དྲངས་ནས་རྒྱུགས་ལེན་གོང་གི་གསོ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་བྱས་ཏེ་གཉེར་བ་དང་།རང་ལྗོངས་ཀྱི་རྩིས་གཉེར་ཆེད་ལས་ལག་རྩལ་གྱི་དམའ་རིམ་ཐོབ་ཐང་རྒྱུགས་ལེན་གོང་གི་ཟུར་ཁྲིད་ལས་དོན་ལ་སྐུལ་འདེད་བཏང་ནས།རང་ལྗོངས་ཀྱི་རྒྱུགས་སྤྲོད་སློབ་མའི་ཆེད་ལས་ཤེས་བྱ་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་ཡོད།གསུམ་ནས་རྒྱུགས་ལེན་ལས་དོན་གྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། རྒྱུགས་ལེན་མ་བྱས་གོང་རྒྱུགས་ལེན་ལས་དོན་པའི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་རྒྱུགས་ལེན་ལྟ་སྐུལ་དང་སྐོར་ཞིབ་པ་གདམ་གསེས་དང་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་རྒྱུགས་ལེན་ལས་དོན་པའི་ཆབ་སྲིད་ཀྱི་ཚུགས་གནས་དང་སྐབས་བསྟུན་ཁ་གཏད་གཅོག་ནུས་ཆེ་རུ་བཏང་བ་དང་།རྒྱུགས་ལེན་བྱ་ཡུལ་གྱི་སྒྲིག་ལམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ཡོད།བཞི་ནས་ཡིད་རྟོན་རྒྱུགས་ལེན་བྱེད་ཤུགས་ཆེ་རུ་བཏང་བ།ས་གནས་ཁག་དང་གྲོང་ཁྱེར་གྱི་ནོར་སྲིད་སྡེ་ཚན་གྱིས་སྤྱི་བདེ་དང་བཟོ་ལས་ཆ་འཕྲིན་སོགས་སྡེ་ཚན་དང་འབྲེལ་གཏུགས་ཧུར་ཐག་བྱས་ནས་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག་དང་། རྒྱུགས་ལེན་བྱ་ཡུལ་གྱི་མཐའ་འཁོར་ཁོར་ཡུག་གཙང་སེལ་བྱས་ཏེ་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་མི་སྣས་ཚན་རྩལ་མཐོ་བའི་ཐོན་རྫས་འཁྱེར་ནས་རྒྱུགས་ལེན་བྱ་ཡུལ་དུ་འཛུལ་རྒྱུ་སྔོན་འགོག་ནན་པོ་བྱས་ཏེ་རྒྱུགས་ལེན་བྱེད་སྟངས་གཡོ་ལས་བྱེད་པར་རྡུང་རྡེག་ནན་པོ་བཏང་ཡོད།དེ་དང་ཆབས་ཅིག་འགྲེམས་བྱང་དང་འཕྲེད་འགེལ་སྦྱར་ཡིག་སོགས་ཀྱི་བྱ་ཐབས་བརྒྱུད་ཡིད་རྟོན་ཡིག་རྒྱུགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་། རྒྱུགས་ཁྲིམས་དང་བཅའ་ཁྲིམས་ལམ་ལུགས་སྒྲོག་འགྲེལ་བྱས་ནས་རྒྱུགས་སྤྲོད་སློབ་མར་ཡིད་རྟོན་ཡིག་རྒྱུགས་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།

སླད་ཕྱིན།རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་རྩིས་གཉེར་ཆེད་ལས་པ་གསོ་སྦྱོང་དང་གདམ་གསེས་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་ནོར་དོན་པའི་ཆེད་ལས་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་།ལྷག་པར་དུ་ལས་ཁུངས་དང་།བྱ་གཞག་ཚན་པ།གཞུང་ཁོངས་ཁེ་ལས་ཀྱི་ནོར་དོན་པ་རྩིས་གཉེར་ཆེད་ལས་ལག་རྩལ་གྱི་ཐོག་མའི་ཐོབ་ཐང་གི་དམིགས་ཚད་ལ་སླེབས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 6 6 拉萨日报藏文 c181412.html 1 2024ལོའི་རྒྱལ་ཡོངས་ཀྱི་རྩིས་གཉེར་ཆེད་ལས་ཀྱི་ཐོག་མའི་ལག་རྩལ་ཐོབ་ཐང་དང་མཐོ་རིམ་ལག་རྩལ་ཐོབ་ཐང་གི་ཤོག་བུ་མེད་པའི་ཡིག་རྒྱུཊ་ཀྱི་རང་ལྗོངས་རྒྱུགས་ཁུལ་གྱི་ཡིག་རྒྱུཊ་གཏོང་འགོ་ཚུཊ་པ། /enpproperty-->