分享按钮

(པར་ངོས་གསུམ་པར་མཐུད)འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་མངགས་གདན་ཞུས་ཞིབ་འཇུག་པ་ལི་ཤིན་ཅན།ཀྲུང་གོ་ཡུལ་སྐོར་མཛེས་ལྗོངས་མཐུན་ཚོགས་མཛེས་ལྗོངས་གསར་སྤེལ་གཉེར་སྐྱོང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་དོ་དམ་ཚན་རིག་ཞིབ་འཇུག་སློབ་གླིང་གི་རིག་གནས་ཡུལ་སྐོར་དབུ་བཞུགས་ཀྱི་རིགས་གཅིག་མཁས་ཅན་ཝང་ཞའོ་ཧྥེང་། ཤེ་ཁྲེང་ཚོགས་པའི་མཐོ་རིམ་འགོ་འཛིན་གཞོན་པ་དང་ཡུལ་སྐོར་བྱ་གཞག་ཚོགས་པའི་ཏུང་ཧྲི་ཀྲང་ཅང་ཧའོ་བཅས་ཀྱིས་གནད་དོན་རེ་རེར་ལན་ཞིབ་ཕྲ་བརྒྱབ་ཡོད། ལི་ཤིན་ཅན་གྱིས་ད་ཐེངས་ཀྱི་ཡུལ་སྐོར་གོང་འཕེལ་ཚོགས་ཆེན་དེ་ནི་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་གཅིག་ཏུ་སྒྲིལ་བར་གལ་འགངས་ཧ་ཅང་ཆེན་པོ་ལྡན་པའི་ཚོགས་ཆེན་ཞིག་རེད། ང་ཚོས་དྲིལ་བསྒྲགས་དང་ཁྱབ་གདལ་ཇི་འདྲ་བྱས་ཚེ་མི་དེ་བས་མང་བས་ལྷ་སར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་དང་རང་བྱུང་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ལྷ་སའི་ངོས་ནས་བརྗོད་ན། ང་ཚོས་དེ་སྔ་དོ་ཁུར་བྱེད་མང་བ་ནི་དབྱར་དུས་ལྷ་སར་ཡུལ་སྐོར་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་དོན་དངོས་ཐོག་དགུན་དུས་ལྷ་སར་ཡུལ་སྐོར་བྱ་རྒྱུར་ཡང་ཡིད་དབང་འགུག་ཤུགས་ཧ་ཅང་ཆེན་པོ་ལྡན་པས་ང་ཚོས་ལྟ་ཞིབ་དང་། བསམ་གཞིཊ། ཡུལ་སྐོར།ཉམས་ལེན་བཅས་བྱེད་འོས་པ་ཞིག་ཡིན་ཞེས་བཤད། ཀའོ་ཧྲུན་ལི་ཡིས་ངས་བལྟས་ན་ལྷ་སའི་ཡུལ་སྐོར་དང་བོད་ཀྱི་ཡུལ་སྐོར་གྱི་འབྱུང་འགྱུར་གྱི་མདུན་ལམ་ཧ་ཅང་ཡག་པོ་འདུག དང་པོ་ནི་ས་མཐོའི་ཡུལ་ལྗོངས་དང་། གཉིས་པ་ནི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། གསུམ་པ་ནི་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་གསར་གཏོད་ཐོན་རྫས་ཧ་ཅང་མང་པོ་ཡོད་པས། ལྗོངས་ཕྱིའི་ཡུལ་སྐོར་བའི་ངོས་ནས་བརྗོད་ན་ལྷ་སར་ཡུལ་སྐོར་དུ་ཡོང་མ་ཐུབ་པ་ནི་བློ་ཧ་ཅང་ཕམ་དགོས་པ་ཞིག་རེད་སྙམ། ཕྱིས་འབྱུང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་སྐྱོན་ཆ་གསབ་དགོས་པ་དང་།ཡུལ་སྐོར་ཁྲོམ་རའི་ལམ་སྲོལ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གཞིགས་ཚེ་ལྷ་སའི་ཡུལ་སྐོར་དང་བོད་ཀྱི་ཡུལ་སྐོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་ངེས་རེད་ཅེས་བཤད།

དུས་རབས་གསར་པའི་ལྷ་སའི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་སྡུད་དང་རྣམ་པ་གཅིག་ཏུ་གྲུབ་ཡོད། ལྷ་སས་རྣམ་པ་གསར་རྐྱང་གི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུས་ནས་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་ལ་བོད་ཀྱི་རིག་གནས་དང་། མཛེས་ལྗོངས། འབྱུང་ཁམས། སྤྲོ་གསེང་བཅས་ལ་མྱོང་རོལ་གང་ལེགས་ཐུབ་པར་བྱ་རྒྱུ་རེད།གངས་ལྗོངས་གནའ་གྲོང་གིས་སྐུ་ཉིད་ཡུལ་སྐོར་དུ་ཕེབས་རྒྱུར་དགའ་བསུ་ཞུ།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 6 6 拉萨日报藏文 c181226.html 1 /enpproperty-->