分享按钮

རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་2023ལོར་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5362ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ།2023ལོར་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་5362ཟིན་པ་དེ་2022ལོ་ལས་བརྒྱ་ཆ་7.09འཕར་ཡོད།

ཟླ་5ཚེས་18ཉིན།ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་གནས་གཏན་འཁེལ་མཐུན་ཚོགས་ཀྱིས་པེ་ཅིང་དུ《2024ལོའི་ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་ཤ་དཀར་པོའི་དེབ》འགྲེམས་བསྒྲཊ་བྱས་པ་དང་། གསར་འགོད་པས་རྒྱབ་ཤ་དཀར་པོའི་དེབ་ནང་ཤེས་རྟོགས་བྱུང་བའི་ཆ་འཕྲིན་གཤམ་གསལ་ལྟར་ཡིན།

རྒྱབ་ཤ་དཀར་པོའི་དེབ་ལས་མངོན་པར།2023ལོར་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་འཕར་ཚད་སྤྱི་ཡོངས་ནས་2022ལོ་ལས་ལེགས་པ་ཡོད། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལས་རིགས་ཁག་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་གྱིས་སྲུང་སྐར་ཕྱོགས་སྟོན་སྒྲིག་ཆས་དང་དུས་ཚོད་དང་བར་སྟོང་གྲངས་ཀྱི་དགོས་མཁོ་བསྐངས་ནས་བྱང་སྐར་སྐར་རྒྱུད་ཀྱི་དུས་དང་བར་སྟོང་ཆ་འཕྲིན་བེད་སྤྱོད་དང་ཞབས་ཞུའི་ཁྲོམ་ར་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་བསྣན་ཡོད།

ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་གནས་གཏན་འཁེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡུས་ཞན་ཁྲེང་གིས་2023ལོའི་ལོ་མཇུག་བར།རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་བྱ་ལས་ཚན་པ་ཁྲི་2ཙམ་དང་ལས་ཞུགས་མི་སྣ་ཁྲི་བརྒྱ་ཙམ་ཡོད་པ་དང་།རྒྱལ་ཁོངས་ནང་ཁྲོམ་རར་བཏོན་པའི་ལས་རིགས་ནང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ཁྱོན་བསྡོམས་90ཟིན་ཡོད་པ་རེད།ཤེས་བྱའི་ཐོན་དབང་ཐད་2023ལོའི་ལོ་མཇུག་བར་ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་ཁེ་བེད་བདག་ཐོབ་རེ་ཞུ་རིམ་རྩིས་སྤྱི་འབོར(གསར་གཏོད་ཁེ་བེད་བདག་ཐོབ་དང་དངོས་སྤྱོད་དཔེ་གསར་ཁེ་བེད་བདག་ཐོབ་ཚུད་པ)ཁྲི་11.9ལས་བརྒལ་ནས་དུས་མཚུངས་ལས་བརྒྱ་ཆ་4.84འཕར་ནས་གོ་ལ་ཧྲིལ་པོའི་སྔོན་ཐོན་རྒྱུན་འཁྱོངས་ཐུབ་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 6 6 拉萨日报藏文 c181218.html 1 རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་2023ལོར་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5362ཟིན་པ། /enpproperty-->