分享按钮

2024ལོ་འཁོར་གྱི“བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང”བྱེད་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)ད་ལོའི་ཆུ་འབྲུབ་དུས་སུའང་བོད་ལྗོངས་ཀྱི་གློག་ཤུགས་ལྷག་མ་དུས་ཐོག་ཏུ་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་འགོ་ཚུགས་ཚུན་བོད་ལྗོངས་ཀྱི་ཉི་འོད་འཕྲོ་ཤུགས་ཆེ་རུ་ཕྱིན་ཡོད་པར་མ་ཟད། དབུས་རྒྱུད་ས་ཁུལ་དུ་ཆར་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ཆུ་གློག་དང་ཉི་གློག་ཚད་དེ་དང་བསྟུན་ནུས་མང་དུ་ཕྱིན་ཡོད། ནུས་རྒྱུ་གཙང་མའི་བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང་བྱས་པ་དེས་བོད་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་འགྱུར་བར་སྐུལ་འདེད་གཏོང་བ་དང་། བོད་ལྗོངས་ཀྱི་ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་དབྱར་དུས་ཀྱི་གློག་ཤུགས་མཁོ་འདོན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་རྒྱབ་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181134.html 1 2024ལོ་འཁོར་གྱི“བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང”བྱེད་འགོ་ཚུགས་པ། /enpproperty-->