分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འཆད་ཁྲིད་བྱེད་སྒོ་སྤེལ་བ།

ཕེང་ཧྥེ་ཡུའེ་ཡིས་བྱེད་སྒོ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་17ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་དང་ལས་འཁྱུར་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་ཞིང་། གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ལིའུ་ཆིའུ་ཏུའོ་གདན་དྲངས་ནས་འཆད་ཁྲིད་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕེང་ཧྥེ་ཡུའེ་ཡིས་བྱེད་སྒོ་གཙོ་སྐྱོང་གནང་བར་མ་ཟད། གསུང་བཤད་ཀྱང་གནང་བ་རེད།

ལིའུ་ཆིའུ་ཏུའོ་ཡིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་རྒྱབ་ལྗོངས་དང་དོན་སྙིང་། ནང་དོན་གཙོ་བོ། ཁྱད་ཆོས་བཅས་ལ་དམིགས་ནས་དམ་འཛིན་དང་དོན་འཁྱོལ། ལག་བསྟར་བཅས་ཕྱོགས་གསུམ་གྱི་ཐད་ནས་གསལ་འགྲེལ་གནང་བས་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། ཉེར་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད།

ཕེང་ཧྥེ་ཡུའེ་ཡིས་ནན་གསུངས་གནང་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་འགག་སྒྲོལ་དམག་འཁྲུག་ཅིག་ཡིན་ལ་རྒྱུན་སྲིང་དམག་འཐབ་ཅིག་ཀྱང་ཡིན་པས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་སྤེལ་བ། སློབ་སྦྱོང་ལ་བརྟེན་ནས་ལས་ལ་བརྩོན་པའི་ཐད་ལ་དངོས་གནས་དྲང་གནས་ཀྱི་གྲུབ་འབྲས་ལེན་པར་འབད་བརྩོན་བྱ་དགོས།སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་སྤེལ་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 ཕེང་ཧྥེ་ཡུའེ་ཡིས་བྱེད་སྒོ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c181127.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འཆད་ཁྲིད་བྱེད་སྒོ་སྤེལ་བ། /enpproperty-->