分享按钮

(པར་ངོས་དང་པོར་མཐུད)ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་བ་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཐོན་ལས་དང་པོ་འཕར་བར་སྐུལ་འདེད་གཏོང་དགོས། ཞིང་སྟོབས་དང་ཞིང་ཕན་སྲིད་ཇུས་སྣ་ཚོགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་།ཞིང་འབྲོག་པ་སྒྲིག་འཛུགས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་བའི་ལྷ་སའི་ལྷོ་བྱང་རི་ཁུལ་གྱི་སྔོ་འགྱུར་ལས་གྲྭར་ཞུགས་ཤུགས་ཆེ་རུ་གཏོང་བ།ཞིང་ལས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་སྣ་ཚོགས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཐོན་ལས་དང་པོའི་རིན་ཐང་འཕར་ཐང་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་ཐུབ་པའི་འགན་ལེན་བྱེད་དགོས།

ཐོན་ལས་གཉིས་པ་གོང་དུ་སྤེལ་བར་ཞབས་འདེགས་ཞུ་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་།ཁེ་ལས་གཅིག་དང་ཐབས་ཇུས་གཅིག་མཐའ་འཁྱོངས་དང་།གཅིག་གཏད་གཅིག་གིས་རང་འགུལ་ངང་སྒོ་རྩར་ཡོང་ནས་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ། ནུས་ཤུགས་ཡོད་རྒུས་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་མཐུན་སྦྱོར་ལ་འགན་ལེན་བཅས་བྱས་ཏེ་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ཁེ་ལས་ཀྱི་དཀའ་གནད་བསལ་ནས་དོན་དངོས་བསྒྲུབ་དགོས། མཁོ་སྤྲོད་ཕྱོགས་གཉིས་ནས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་བརླིང་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ཐོན་ལས་གསུམ་པ་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། བཟོས་གྲུབ་སྣུམ་དང་། རླངས་འཁོར། ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་འབོར་ཆེན་འཛད་སྤྱོད་བྱ་རྒྱུར་དམིགས་ནས་དྲང་ནུས་ལེགས་པ་དང་བསླུ་བྲིད་ཀྱི་ནུས་པ་ཆེ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་མང་བ་བཏོན་ཏེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་འདོན་དགོས། འཛད་སྤྱོད་འཛིན་ཤོག་སོགས་ཁ་གསབ་སྲིད་ཇུས་སྣ་ཚོགས་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱས་ཏེ་འབྲེལ་ཡོད་ཁྲོམ་རའི་གཙོ་གཟུགས་ཀྱིས་ཁེ་ཕན་སྤྲད་ནས་བྲིན་སྐུལ་བྱ་རྒྱུར་སྐུལ་མ་བཏང་ནས་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྡོམས་རྩིས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད། གཙོ་གནད་ལས་རིགས་དང་། གཙོ་གནད་ཁེ་ལས། གཙོ་གནད་དམིགས་ཚད་བཅས་ཀྱི་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་དམ་འཛིན་ཡག་པོ་བྱས་ཏེ་བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་ཁྱོན་ཡོངས་དང་། དོན་དངོས་དང་ཡང་དག་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཚོན་པར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་བསྡོམས་རྩིས་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་ནན་གསུངས་གནང་བ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181111.html 1 /enpproperty-->