分享按钮

རྒྱལ་ཁབ་ཀྱིས་ཁྱབ་ཁོངས་དང་ལས་རིགས་དབྱེ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་གང་མགྱོགས་ལག་བསྟར་བྱ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཡོན་ཏ་ཡིས་ཚེས་13ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཁྱབ་ཁོངས་དང་ལས་རིགས་དབྱེ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་གང་མགྱོགས་ལག་བསྟར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དེ་ཧུའུ་པེ་ཝུའུ་ཧན་དུ་འཚོགས་ཤིང་། ཡོན་ཏ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཨར་སྐྲུན་དང་། ལྕགས་བཙོ་སྦྱང་། རྡོ་སྣུམ་བཙོ་སྦྱང་། ཨན་བཙོ་སྦྱང་། གློག་ཞུན་ཧ་ཡང་བཙོ་སྦྱང་། ཨར་འདམ། གྲངས་གཞིའི་ལྟེ་གནས་སོགས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་སུ་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་རྡོ་སོལ་དང་གློག་ཐཱན་ཉུང་ཅན་དུ་སྒྱུར་བཀོད་བྱ་རྒྱུ་ཡིན་ལ། འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་དང་། ནུས་རྒྱུ་གྲོན་ཆུང་དང་། འབུད་གཏོང་། ལག་རྩལ་སོགས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་དང་། སྒྲིག་ཆས་གསར་བསྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ། མ་དངུལ་ནུས་ལྡན་གཏོང་བ། མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ། ཁུལ་ཆུང་རྙིང་པར་བསྒྱུར་བཀོད་བྱེད་པ་སོགས་དང་ཟུང་འབྲེལ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་སྒྱུར་བཀོད་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་དང་། ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་དང་ཡུན་རིང་སོང་བའི་དམིགས་བསལ་རྒྱལ་བུན་སོགས་ཀྱི་མ་དངུལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་རྣམ་གྲངས་ལ་རྒྱབ་སྐྱོར་ཧུར་ཐག་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་རྒྱལ་གྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཡོན་ཏ་ཡིས་གྲངས་གཞི་ཁག་གཅིག་ཁྱབ་བསྒྲགས་བྱས་པ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”གོང་གི་ལོ་གསུམ་ནང་།མ་བཅོས་རྒྱུ་ཆའི་ནུས་རྒྱུ་སྤྱོད་ཚད་དང་ཐད་བྱུང་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་ཕུད་རྗེས།རྒྱལ་ཡོངས་ཀྱི་ནུས་རྒྱུ་ཟད་ཚད་རིམ་རྩིས་བྱས་ན་བརྒྱ་ཆ་7.3ཙམ་ཆག་ཡོད་ཅིང་།དེ་ནི་འགྱུར་བྱུང་ནུས་རྒྱུ་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་3.4ཙམ་ཉུང་དུ་ཕྱིན་པ་དང་།དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་9ཙམ་ཉུང་དུ་ཕྱིན་པ་དང་མཚུངས། རྒྱལ་ཡོངས་སུ་རྡོ་སོལ་གློག་ཤུགས་འཕྲུལ་ཚན་གྱི“སྒྱུར་བཅོས་གསུམ་མཉམ་འགུལ”ལེགས་གྲུབ་ཟིན་ཞིང་། མེ་ཤུགས་གློག་འདོན་གྱི་ཆ་སྙོམས་གློག་འདོན་ཚད་དང་རྡོ་སོལ་ཉུང་དུ་ཕྱིན་ཚད་དེ་ནི་ཆན་ཝ་རེར་ཚད་ལྡན་རྡོ་སོལ་ཁེ་3.5ཉུང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་སྒྱུར་བཀོད་སྨི་གྲུ་བཞི་མ་དུང་ཕྱུར་3ལས་བརྒལ་བ་ལེགས་འགྲུབ་བྱུང་བ། སྤྱི་པའི་སྒྲིག་གཞིའི་ཨར་ལས་རྒྱ་ཁྱོན་གྱི་ནུས་རྒྱུ་ཧ་ལམ་བརྒྱ་ཆ་3ཉུང་དུ་ཕྱིན་པར་མ་ཟད།ད་ལོའི་དུས་ཚིགས་དང་པོའི་བར་རྒྱལ་ཡོངས་ཀྱི་སླར་སྐྱེ་ཐུབ་པའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་15.8ཟིན་པ་དེས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་བརྒྱ་ཆ་40ཙམ་བཟུང་ཡོད།

ཁོང་གིས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་ལས་དོན་གྱི་གྲུབ་འབྲས་མཐོང་བ་དང་སྦྲགས། མིག་སྔར་རྒྱལ་ཡོངས་དང་ས་ཁུལ་ཁག་གཅིག་གི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་དུས་བབ་ད་དུང་ཛ་དྲག་ཙམ་ཡོད་པ་དང་།“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་ཟད་ཚད་དམའ་རུ་གཏོང་བའི་དམིགས་ཚད་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་པའང་མཐོང་ཐུབ་པར་བྱེད་དགོས་ཞེས་དང་། སླད་ཕྱིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་ཟད་ཚད་དམའ་རུ་གཏོང་རྒྱུའི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གཙོ་གནད་ནུས་རྒྱུ་སྤྱོད་མཁན་ཚན་པའི་ནུས་ཕྱོད་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ནུས་རྒྱུ་གྲོན་ཆུང་ལྟེ་གནས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་སྔོན་ཐོན་ལག་རྩལ་ལ་ཐོབ་པའི་གྲུབ་འབྲས་ཁག་གཅིག་འོས་སྦྱོར་བྱས་ཤིང་།ཀྲུང་གོའི་ཚད་ལྡན་ཅན་གྱི་ཞིབ་འཇུག་ཁང་གིས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་ཚད་གཞིའི་འཕེལ་རིམ་སྙན་ཞུ་བསྒྲགས་པ་རེད།

འདི་ལོའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་ནི་ཟླ་5ཚེས་13ནས་ཚེས་19ཉིན་བར་ཡིན་ཞིང་།བྱེད་སྒོའི་གཙོ་དོན་ནི“འབྱུང་འཕྲོད་ཕྱོགས་སུ་སྐྱོད་པ་དང་ནུས་རྒྱུ་གྲོན་ཆུང་གི་དཀའ་གནད་སེལ་བ”ཞེས་པ་དེ་ཡིན་པ་དང་།གཙོ་གནད་ལས་རིགས་དང་ཁེ་ལས་སུ་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་བྱེད་སྒོ་དང་།རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོའི་བྱེད་སྒོ།སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་བྱེད་སྒོ་སོགས་སྤེལ་རྒྱུ་དང་།དེ་བཞིན་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་དྲིལ་བསྒྲགས་གཟའ་འཁོར་སློབ་གྲྭ་དང་ཁྱིམ་ཚང་དུ་སྤེལ་བ་སོགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180946.html 1 རྒྱལ་ཁབ་ཀྱིས་ཁྱབ་ཁོངས་དང་ལས་རིགས་དབྱེ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་གང་མགྱོགས་ལག་བསྟར་བྱ་རྒྱུ་ཡིན་པ། /enpproperty-->