ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་10ཉིན་ནི་ཀྲུང་གོའི་སྤུས་རྟགས་ཉིན་མོ་ཐེངས་བརྒྱད་པ་དེ་ཡིན། མི་དམངས་ཀྱི་གློག་ལས་མི་དམངས་ཀྱི་ཆེད་དུ་ཡིན་པའི་ཁེ་ལས་ཀྱི་དམིགས་ཡུལ་ལག་བསྟར་བྱེད་པ་དང་།ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྤུས་རྟགས་གཏོད་པ་བཅས་ཀྱི་ཆེད།ཉིན་དེར་རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་ལས་གཉེར་ཚོམས་ཆེན་དུ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོར་ནུས་པ་བརྒྱུད་སྤྲོད་བྱེད་ཅེས་པའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་གཙོ་དོན་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་སྟེགས་བུ་དང་འགྲེམས་པང་བཙུགས་ནས་བརྙན་ཤེལ་ཆེན་པོའི་ཐོག་གློག་རིན་ཐད་ཀྱི་སྲིད་ཇུས་གསར་པ་བསྟན་པ་དང་། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིའི་ལས་དོན་མི་སྣས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་ཡུལ་དངོས་ཀྱི་འཛད་སྤྱོད་པར་ད་ཐེངས་ཀྱི་བྱེད་སྒོའི་རྒྱབ་ལྗོངས་དང་།དོན་སྙིང་།དེ་བཞིན་ཀུང་སི་དེས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ཀྱི་ཕན་འབྲས་ངོ་སྤྲོད་བྱས་ཡོད། དེ་དང་ཆབས་ཅིག་ངོ་ཐུག་གདོང་འཕྲད་དང་ལག་གདང་སྦྲེལ་ནས་སློབ་ཁྲིད་བྱེད་པའི་བྱ་ཐབས་ཐོག་ནས་འཛད་སྤྱོད་པར་རྒྱལ་ཁབ་གློག་དྲའི་Appཕབ་ལེན་བྱེད་རོགས་བྱེད་པ་དང་འབྲེལ་འཛད་སྤྱོད་པར་དྲ་ཐོག་ནས་གློག་རིན་སྤྲོད་པ་དང་གློག་སྤྱོད་ལས་སྒོ་གཉེར་རྒྱུར་མཛུབ་ཁྲིད་བྱས་ཏེ།འཛད་སྤྱོད་པས་དོ་ཁུར་བྱེད་པའི་གློག་སྤྱོད་ཐད་ཀྱི་གནད་དོན་གྱི་དོགས་གཞི་བསལ་བས།ཁྱིམ་གྱི་སྒོ་ནས་ཐོན་མི་དགོས་པར་གློག་གི་ལས་སྒོ་གཉེར་ཐུབ་པའི་འདུ་ཤེས་དེ་འཛད་སྤྱོད་པའི་འཚོ་བའི་ནང་དངོས་སུ་མངོན་འགྱུར་ཐུབ་པར་བྱུང་ཡོད། གྲོང་མི་གནམ་གང་གིས་ང་དེ་རིང་གློག་རིན་བསྐྱལ་བར་ཡོང་བ་ཡིན། དེ་གར་བྱེད་སྒོ་སྤེལ་བཞིན་འདུག ལས་དོན་མི་སྣའི་ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག ཁོང་ཚོས་ངང་རྒྱུད་རིང་པོས་ང་ལ་དྲ་ཐོག་ནས་གློག་རིན་སྤྲོད་པའི་བརྒྱུད་རིམ་གསལ་བཤད་ཞིབ་ཕྲ་བརྒྱབ་བྱུང་། དྲ་ཐོག་ནས་གློག་རིན་སྤྲོད་ན་ཧ་ཅང་སྟབས་བདེ་ལ་མགྱོགས་པོ་ཡང་འདུག་ཅེས་བཤད།
བྱེད་སྒོ་སྤེལ་ཡུལ་དུ་དྲི་བར་ལན་བརྒྱབ་ཚེ་བྱ་དགའ་ཡོད་པའི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་ཅིང་། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་འདོད་དུ་སོང་བའི་ཁར་འཛད་སྤྱོད་པར་གློག་རིན་གྱི་སྲིད་ཇུས་གསར་པ་ཁོང་དུ་ཆུད་ཚད་དང་དྲ་ཐོག་རྒྱལ་ཁབ་གློག་དྲར་ངོས་འཛིན་ཐུབ་ཚད་ཟབ་ཏུ་ཕྱིན་ཡོད། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་དྲིལ་བསྒྲགས་བྱེད་ཐབས་མུ་མཐུད་གསར་གཏོད་བྱས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ཐབས་ལམ་མང་པོའི་ཐོག་ནས་གློག་རིན་ཐད་ཀྱི་སྲིད་ཇུས་གསར་པ་དང་དྲ་ཐོག་རྒྱལ་ཁབ་གློག་དྲའི་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུ་དང་།འཛད་སྤྱོད་པར་དྲ་ཐོག་གི་གློག་ཤུགས་ཞབས་ཞུ་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ། འཛད་སྤྱོད་པར་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་གློག་སྤྱོད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིའི་འཛད་སྤྱོད་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཙེང་ཡུས་ཤའོ་ཡིས་རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གློག་ཤུགས་ཆུང་བའི་གྲོང་མི་དང་ཁེ་ལས་ཆུང་གྲས་ཀྱི་འཛད་སྤྱོད་པར་མེད་པ་གསུམ་གྱི་གློག་སྤྱོད་མཁོ་འདོན་བྱ་རྒྱུ་དང་།གློག་ཤུགས་ཆེ་བའི་འཛད་སྤྱོད་པར་གྲོན་ཆུང་གསུམ་གྱི་གློག་སྤྱོད་མཁོ་འདོན་བྱས་ཏེ། གློག་ཤུགས་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་འཛད་སྤྱོད་པར་གློག་སྤྱོད་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社