ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ཁྲེང་ཀོན་ཆུས་ཨུད་ཏང་གི་སློབ་གྲྭས་2024ལོའི་སློབ་འགོ་ཚུགས་པའི་མཛད་སྒོ་དང་དུས་ཐེངས་ལྔ་པའི་གཞོན་ནུའི་སྤྱི་ཚོགས་ལས་བཟོ་བའི་བྱང་ཚད་དང་ནུས་པ་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་འཚོགས་པ་དང་།སྡེ་ཁུལ(གྲོང་ཚོ)ཁག་གི་གཞོན་ནུའི་སྤྱི་ཚོགས་ལས་བཟོ་བ་170གསོ་སྦྱོང་ནང་ཞུགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཞུས་ཧའེ་ཡིས་དམངས་འཚོ་ནི་བྱ་བ་ཆུང་ཆུང་ཞིག་མིན།སྡེ་ཁུལ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཆུང་ཆུང་ཐག་གཅོད་ལེགས་པོ་བྱེད་པ་ནི་སྤྱི་ཚོགས་ལས་དོན་གྱི་དོན་ཆེན་ཞིག་ཡིན།གཞོན་ནུ་སྤྱི་ཚོགས་ལས་བཟོ་བས་མང་ཚོགས་ལ་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་དགོས་པ་དང་། མང་ཚོགས་ཀྱི་འབོད་སྒྲ་ལྷག་བསམ་ཟོལ་མེད་ངང་ཉན་པ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། མང་ཚོགས་དང་མཉམ་དུ་གཤིབ་པ་དང་མཉམ་དུ་ལས་ཀ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ། རེ་སྒྲུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོཊ་ཀྱི་ཐོབ་སྣང་དང་།སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞོན་ནུ་སྤྱི་ཚོགས་ལས་བཟོ་བར་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་པ་དང་ཚུགས་གནས་ཡོད་པའི་སྡེ་ཁུལ་གྱི་ན་གཞོན་ལས་དོན་པ་ཞིག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་བརྩེ་སེམས་ལྡན་པའི་སྡེ་ཁུལ་གྱི་ན་གཞོན་ལས་དོན་པ་ཞིག་བྱེད་པ། ཐོག་མཐའ་བར་གསུམ་དུ་འབད་འཐབ་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་ཡོད་པའི་སྡེ་ཁུལ་གྱི་ན་གཞོན་ལས་དོན་པ་ཞིག་བྱེད་པ། སློབ་སྦྱོང་ལ་བརྩོན་ཞིང་བསམ་བློ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུ་འཁྱོངས་བྱས་ཏེ་འཇོན་ཐང་ལྡན་པའི་སྡེ་ཁུལ་གྱི་ན་གཞོན་ལས་དོན་པ་ཞིག་བྱེད་པ། རང་ཉིད་ལ་ཐོག་མཐའ་བར་གསུམ་དུ་བླང་བྱ་ནན་པོ་བཏོན་ནས་གུས་ཞབས་ལྡན་པའི་སྡེ་ཁུལ་གྱི་ན་གཞོན་ལས་དོན་པ་ཞིག་བྱེད་པར་སྐུལ་ལྕག་གཏོང་དགོས་ཞེས་གསུངས།
ཞུས་ཧའེ་ཡིས་མི་དང་དོན་དག་གཉིས་ཀར་དོ་དམ་བྱ་རྒྱུ་གཅིག་གྱུར་ཡོང་བར་བྱེད་པ་དང་། སྤྱི་ཁོག་དང་ཕྲ་མཐོང་གཅིག་གྱུར་ཡོང་བར་བྱེད་པ།བློ་རིག་དང་སྤྱི་ཚོགས་འབྲེལ་ནུས་གཅིག་གྱུར་ཡོང་བར་བྱེད་པ།རང་ཉིད་ཀྱི་གནས་བབ་ཡང་དག་འཚོལ་བ། རང་ཉིད་ཀྱི་འབྱུང་འགྱུར་ལ་སྟངས་འཛིན་བྱེད་པ་བཅས་ཀྱིས་སྡེ་ཁུལ་གྱི་ཞབས་ཞུ་བ་དང་། མཐུན་སྦྱོར་པ། དོ་དམ་པ་བཅས་ཡག་པོ་བྱེད་གང་ཐུབ་བྱས་ཏེ་ཏང་ཀྲུང་དབྱང་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་མང་ཚོགས་བློ་མགུ་བའི་སྙིང་ཉེ་བ་ཞིག་ཧུར་ཐག་བྱེད་དགོས་པའི་ནན་གསུངས་གནང་བ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社