(པར་ངོས་དང་པོར་མཐུད)ཚང་མས་ནན་ཏིང་ཀེར་གྱི་སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་ནས་སྨན་གཡོག་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་མང་ཚོགས་ལ་སྔར་བས་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་རིམ་ཁག་ལས་རིཊ་སྡེ་ཚན་གྱིས་དངོས་གཉེར་དང་སྙིང་ཉེ་བའི་བྱེད་ཐབས་བཟོས་ནས་སྨན་གཡོག་ལས་དོན་པར་སྲུང་སྐྱོང་དང་ཐུཊ་ཁུར་གང་ལེཊ་ཐོབ་པ་དང་།ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་དུ་ལས་ཀ་བྱེད་མཁན་སྨན་གཡོག་ལ་དམིཊ་བསལ་གྱི་གཅེས་སྐྱོང་དང་དྲོ་སྐྱིད་དེ་བས་སྤྲོད་དགོས། དྲིལ་བསྒྲཊ་ལ་ཤུཊ་སྣོན་བརྒྱབ་སྟེ་སྨན་གཡོག་ལས་དོན་པའི་ལས་རིགས་སྙིང་སྟོབས་དང་བྱས་རྗེས་མངོན་པ་དང་། སྨན་གཡོག་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མཚོན་པ། སྨན་གཡོག་ཚོའི་མི་སེམས་འགུལ་བའི་གཏམ་རྒྱུད་ཡག་པོ་ཤོད་པ། སྨན་གཡོག་ལ་བརྩི་འཇོག་དང་། སེམས་ཁུར། བསམ་ཤེས། རྒྱབ་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་བཟང་གཏོད་དགོས། སྨན་གཡོག་དཔུང་ཁག་གི་ཏང་རྩ་འཛུཊ་འཛུཊ་སྐྱོང་ལ་ཤུཊ་སྣོན་བརྒྱབ་སྟེ་སྨན་གཡོག་ལས་རིཊ་ཀྱི་གཟི་བརྗིད་སེམས་པ་སྔར་བས་ཆེ་རུ་བཏང་ནས་སྨན་གཡོག་དཔུང་ཁག་གིས་སྔ་ཕྱི་བར་གསུམ་དུ་ཉེན་ཁར་མི་སྐྲག་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ནད་བཅོས་སྲོག་སྐྱོབ་དང་མི་དམངས་ལ་ཞབས་འདེཊ་ཞུ་བའི་འགན་འཁྲི་གལ་ཆེན་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་ཐེངས་ད་དུང་གླིང་ལྔ་སྨན་ཁང་དང་། ལྷ་སྤྲེལ་སྨན་ཁང་། ཧོའུ་པེ་སྨན་ཁང་བཅས་ཀྱི་ཕུལ་བྱུང་སྨན་གཡོག་ལས་དོན་པར་འཚམས་འདྲི་གནང་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社