分享按钮

སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་འཁྲིར་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གུ་ཡངས་དང་ནན་པོ་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཉེས་གསོག་ཡང་བའི་བཅོས་སྐྱོང་གི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཉེ་དུས་གཉེར་བཞིན་པའི་ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་བའི་གྱོད་གཞི་ཞིག་གི་ནང་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། ཉེས་གསོག་ཡང་བའི་གྱོད་གཞི་ཉེས་གསོག་ནང་འཇུག་རྒྱུའི་ཚད་གཞི་ཁོང་དུ་ཡང་དག་ཆུད་པར་མཐོང་ཆེན་བྱས་པ་དང་། “ཁྲིམས་སྦྱོར་མི་བྱེད་པ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུ་དང་ཡོངས་བསྒྲགས་དཔང་ཉན་ཚོགས་འདུ་དང་ཁྲིམས་ཆད་ལག་བསྟར་ལྡོག་ཕྱོགས་སྦྲེལ་མཐུད”ཀྱི་ཉེས་གསོག་ཡང་བའི་བཅོས་སྐྱོང་བྱེད་སྟངས་གསར་པ་གཏོད་དེ།“ཉེས་བཅོས”དང“བཅོས་སྐྱོང”གཉིས་གལ་ཆེ་མཉམ་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ་ཉེས་གསོག་ཡང་བའི་གྱོད་གཞི་ཐག་གཅོད་བྱ་རྒྱུ་དེ་ཉེས་གསོག་རྐྱང་པ་ནས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་བསྒྱུར་ཡོད།

གོང་གསལ་གྱི་ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་བའི་གྱོད་གཞིའི་ཁྲོད་ཁྲིམས་ཁང་དེས་ཁྲིམས་ལྟར་ཉེས་དོན་ཞིབ་དཔྱོད་ཀྱི་ཁྲུན་གཅོད་དབང་ཆ་ཚད་ལྡན་དུ་བཏང་ནས་གྱོད་གཞི་སྟབས་བདེ་དང་ཞིབ་ཚགས་ཅན་དུ་ཐག་གཅོད་བྱས་ཡོད།དེ་སྔའི་གྱོད་དོན་ནང་ཉེས་གསོག་དོགས་ཅན་གྱི་ཁྲག་ནང་དུ་ཆང་རག་གི་འདུས་ཚད་ཅུང་ཉུང་བ་དང་། ཉེས་གསོག་གི་ཚབས་ཆུང་བ། ནན་པོར་ཐག་གཅོད་བྱེད་པའི་གནས་ཚུལ་གཞན་མེད་པ། ཉེས་པ་ངོས་ལེན་དང་འགྱོད་བཤགས་ཀྱི་རྣམ་འགྱུར་ལེགས་པོ་ཡོད་པ་བཅས་གསལ་འབྱེད་བྱས་པ་བརྒྱུད། གྱོད་གཞི་དེར་དམིགས་ཏེ་ཁྲིམས་ཁང་དེས་ཁྲིམས་སྦྱོར་མི་བྱེད་པའི་གཏན་འབེབས་བྱས་པར་མ་ཟད། གྱོད་གཞིའི་འབྱུང་རྐྱེན་དང་འགལ་བའི་འབྱུང་ཁུངས་ལ་དབྱེ་ཞིབ་བྱ་རྒྱུར་དོ་སྣང་བྱས་ཏེ་གྱོད་གཞི་མཇུག་སྒྲིལ་ཐུབ་པར་བྱས་ཡོད། ཡོངས་བསྒྲགས་ཀྱིས་དཔང་ཉན་བྱས་པ་བརྒྱུད་ཉེས་དོན་གྱོད་གཞི་ཆུང་ངུ་ཞུ་གཏུགས་མི་བྱེད་པ་འདི་ཉིད་མཐོང་ཐུབ་ལ་གོ་ཐུབ་པའི“ཡོངས་བསྒྲགས་དཔང་ཉན”གྱི་བྱ་ཐབས་སྤྱད་དེ་ཞིབ་དཔྱོད་གྱོད་དོན་སྒྲུབ་པའི་ཡོངས་བསྒྲགས་རང་བཞིན་དང་གསལ་ཚད་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་ལས་དོན་གྱི་ཡོངས་བསྒྲགས་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། ཁྲིམས་འཛིན་དྲང་གཞག་ལ་འགན་སྲུང་བྱེད་པ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་བཏང་བ་བཅས་བྱས་ཡོད། ཉེས་གསོག་ཡང་བའི་གྱོད་གཞིའི་ཉེས་གསོག་དོགས་ཡོད་མི་སྣས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་རྒྱུར་གཏན་འགོག་བྱེད་པའི་འོས་འགན་དྲིལ་བསྒྲགས་པའི་མིང་ཐོག་ནས་རང་འགུལ་ངང་མི་ཚོགས་མང་བའི་ཁྲོམ་གཞུང་དུ་བསྐྱོད་དེ་འགྲོ་འོང་བྱེད་མཁན་མང་ཚོགས་ལ“ཆང་རག་བཏུངས་ནས་རླངས་འཁོར་གཏོང་རྒྱུར་གཏན་འགོག་བྱ་རྒྱུའི”དྲིལ་བསྒྲགས་བྱས་ཤིང་། བྱེད་སྟངས་འདིས་ཉེས་པ་ཆུང་བའི་ཉེས་གསོག་དོགས་ཅན་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོ་སྐབས་ཤིག་སྤྲད་ཡོད་ལ། ཉེས་པ་ཆུང་བའི་ཉེས་གསོག་དོགས་ཅན་ལ་སྤྱི་ཚོགས་བཅོས་སྐྱོང་གི་འགན་འཁྲི་འཁུར་སེམས་ཀྱང་ཕྲག་ཏུ་འཁུར་བར་ཕན་ཐོགས་ཡོད།

མཇུག་ཏུ་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“ཁྲིམས་ཆད་ལག་བསྟར་ལྡོག་ཕྱོགས་སྦྲེལ་མཐུད”བྱས་ཏེ་ཞུ་གཏུགས་མི་བྱེད་པའི་རྣམ་པ་གཏོད་བཞིན་ཡོད།ཁྲིམས་སྦྱོར་མི་བྱེད་པའི་གྱོད་དོན་གྱི“ཁྲིམས་ཆད་མི་གཅོད་པའི”འགན་འཁྲི་བདའ་འདེད་མི་ཐུབ་པའི་ཁུལ་མེད་པར་བཟོ་ཆེད། ཁྲིམས་སྦྱོར་མི་བྱེད་པའི་གཏན་འབེབས་བྱས་རྗེས། གྱོད་གཞིའི་གནས་ཚུལ་དེ་ཉིད་ཁྲིམས་ཁང་འདིའི་སྲིད་འཛིན་ཞིབ་དཔྱོད་ལ་དུས་ཐོག་ཏུ་སྐྱེལ་དགོས་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་དོན་འཁྱོལ་གནས་ཚུལ་གྱི་རྗེས་སྙེག་ཡག་པོ་བྱས་ནས་གྱོད་གཞི་སྦྲེལ་མཐུད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་གྱོད་གཞི་འདི་ཐག་གཅོད་བྱེད་པ་ནི་ངེད་ཞིབ་དཔྱོད་ཁང་གིས་ཉེས་གསོག་ཡང་བའི་བཅོས་སྐྱོང་ཁྱབ་ཁོངས་ཀྱི་འཚོལ་ཞིབ་གསར་པ་ཞིག་དང་ཉེས་དོན་གྱོད་གཞི་ཐག་གཅོད་ཀྱི་ཕན་འབྲས་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བའི་ཐབས་ལམ་གསར་པ་ཞིག་རེད། ཕྱིས་འབྱུང་ངེད་ཞིབ་དཔྱོད་ཁང་གིས་ཉེས་གསོག་ཡང་བའི་བཅོས་སྐྱོང་བྱེད་སྟངས་མུ་མཐུད་འཚོལ་ཞིབ་དང་། མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྱོད་གཞི་སྟབས་བདེ་དང་། མྱུར་པོ། སྤུས་དག་བཅས་སྒྲུབ་རྒྱུར་སྐུལ་འདེད། ཁྲིམས་ཆད་མི་གཅོད་པའི་འགན་འཁྲི་བདའ་འདེད་མི་ཐུབ་པའི་ཁུལ་མེད་པར་བཟོ་བ་བཅས་བྱས་ཐོག་མུ་མཐུད་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་གྱི་དཔང་ཉན་བྱེད་སྟངས་ཐོག་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཉེས་གསོག་ཡང་བའི་གྱོད་གཞི་སྒྲུབ་རྒྱུ་དང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་དྲང་གཞག་དྲང་བདེན་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180824.html 1 སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་འཁྲིར་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་སྒོ་སྤེལ་བ། /enpproperty-->