分享按钮

ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཏིང་ཤུའེ་ཞང་དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུཊ་སྐྱོང་གི་སྐུལ་སྤེལ་ཚོཊ་འདུར་ཞུཊ་པར་མ་ཟད་གསུང་བཤད་ཀྱང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དེ་སློབ་གསོའི་ལས་དོན་གྱི་གནས་བབ་གལ་ཆེན་ཞིག་གི་ཐོག་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་རྣམས་སློབ་ཁྲིད་ལ་དགའ་བ་དང་སློབ་ཁྲིད་བྱེད་མཁས་པ། བློ་རྩེ་གཅིག་སྒྲིམ་ངང་མི་གསོ་སྐྱོང་བྱེད་པའི་སེམས་ཤུགས་དང་གདིང་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ལ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི“བློ་སྤོབས་བཞི”མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཆེས་ཆེར་འཕེལ་བ། བསམ་བློ་ཆབ་སྲིད་སློབ་ཚན་འཕེལ་རྒྱས་གཏོང་བའི་ཁོར་ཡུག་དང་སྤྱི་ཡོངས་ཀྱི་འབྱུང་ཁམས་ཧྲིལ་པོར་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལྟེ་བའི་ནང་དོན་དུ་བྱས་པའི་སློབ་ཚན་སློབ་གཞིའི་མ་ལག་འཛུགས་པ་བཅས་བྱས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གྱི་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཐོབ་པའི་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་ཀྱིས་ནང་དོན་གཙོ་བོ་བྱེད་པ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱིས་སྟོབས་ཤུགས་ཀྱི་རྨང་གཞི་བྱེད་པ། གནས་ལུགས་དང་རྒྱུ་མཚན་རྣམས་གཏིང་ཟབ་ཅིང་ཁ་གསལ་བ། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་བརྗོད་པ། དྲང་སྲུང་གསར་གཏོད་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ནང་རྒྱས་རྣམ་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་སྟོབས་ལྡན་དང་། བརྩེ་སེམས་ཟབ་པ། བསམ་བློ་གསར་བ། མཐོང་རྒྱ་ཆེ་བ། རང་གཅུན་ནན་པ། མི་གཤིས་དྲང་པོ་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་རྒྱུར་ཤུགས་རྒྱག་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱ་རྒྱུ་དེ་གྲོས་རིམ་གལ་ཆེན་ཐོག་འཇོག་དགོས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རང་འགུལ་ངང་འགན་འཁྲི་གཙོ་བོ་ཁུར་ནས་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། ཏང་ཐུགས་བློ་བདེ་བ་དང་། རྒྱལ་གཅེས་ཀྱི་ལེགས་སྐྱེས་འབུལ་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 ཏིང་ཤུའེ་ཞང་དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུཊ་སྐྱོང་གི་སྐུལ་སྤེལ་ཚོཊ་འདུར་ཞུཊ་པར་མ་ཟད་གསུང་བཤད་ཀྱང་གནང་བ། 6 6 拉萨日报藏文 c180813.html 1 ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ། /enpproperty-->