ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཨུད་ཁྱོན་ཡོངས་ནས་ཁྲིམས་ལྟར་ཆུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུད་དང་། ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཞུས་ཧའེ་ཡིས་ནན་གསུངས་གནང་དོན། ཁྲིམས་ལྟར་ཆུས་སྐྱོང་བའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ། ལོ་5ཡི་ནང་ཁྲིམས་ལྟར་བཅོས་སྐྱོང་གི་སྣེ་ཁྲིད་ཁུལ་བསྐྲུན་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ཏེ། འདྲ་བཟོ་དང་། ཁྱབ་གདལ་དུ་གཏོང་ཆོག་པ། དཔྱད་གཞིར་འཛིན་ཆོག་པའི་འཁོར་སྐྱོད་ལམ་སྲོལ་དང་། ལས་ཀའི་མ་ལག ལས་ཀའི་ལམ་ལུགས་བཅས་ཁག་གཅིག་གྲུབ་པ་དང་། ལོ་3རིང་གྲུབ་འབྲས་ཆེན་པོ་ཐོབ་པའི་ལས་འགན་ལྟར། རྩ་བར་དོ་དམ་དང་། ཕུགས་ཕན། ཕན་འབྲས་དངོས་ལ་མཐོང་ཆེན་བཅས་བྱེད་པའི་འགག་སྒྲོལ་བྱ་སྤྱོད་དང་། ཆེད་དོན་བྱ་སྤྱོད། གསར་གཏོད་བྱ་སྤྱོད་བཅས་ལ་སྐུལ་འདེད་གཏོང་དགོས། ལོ་རེའི་བསམ་བཀོད་ལ་དམ་འཛིན་ཡག་པོ་བྱས་ཏེ་དཀའ་གནད་སེལ་བ་དང་། འགག་གནད་སེལ་བ་བཅས་ཀྱི་གཙོ་གནད་ལས་ཀ་དང་། གཙོ་གནད་རྣམ་གྲངས། གཙོ་གནད་ལས་འགན་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཆུས་བཅོས་སྐྱོང་བྱེད་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས།
ཞུས་ཧའེ་ཡིས་བླང་བྱ་བཏོན་དོན། བརྒྱད་ལྔ་བཅའ་ཁྲིམས་ཁྱབ་གདལ་དང་། བཅའ་ཁྲིམས་གོང་འཕེལ་བདུན་དེ་དམ་འཛིན་བྱ་གཞིར་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་། གནད་འཁེལ་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་དང་། རྡུང་རྡེག་ནན་པོ་གཏོང་བ་དང་། ཆེད་དོན་བྱ་སྤྱོད། འབྱུང་ཁུངས་བཅོས་སྐྱོང་། མཉམ་ལས་ལ་སྐུལ་འདེད་བཅས་ལྷོད་གཡེང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་ཅན་གྱི་ལམ་སྲོལ་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་རྒྱུན་གཏན་དང་གཞི་རིམ་དུ་བསྒྲུབ་དགོས། བཅོས་སྐྱོང་ལྔ་མཉམ་འདྲེས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་ནས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རང་བསྐྲུན་ཁང་པ་དང་། འབར་གས་སླ་བའི་དངོས་རྫས། ཨར་ལས་སོགས་ཐད་ཀྱི་བདེ་འཇགས་ལྟ་སྐུལ་དང་དོ་དམ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཁག་ལ་བཅའ་ཁྲིམས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་སེལ་རྒྱུ་དང་། དམངས་འཚོར་སྐུལ་འདེད། དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བཅས་ཏན་ཏིག་བྱེད་དགོས། ཁྲིམས་འཛིན་ལ་ཐེ་གཏོགས་མི་བྱེད་པའི་གཏན་འབེབས་གསུམ་དོན་འཁྱོལ་ནན་པོ་བྱས་ཏེ། ཁྲིམས་འཛིན་དྲང་གཞག་དང་། ཁྲིམས་མཐུན་ལ་སྲུང་སྐྱོང་། ཁྲིམས་འགལ་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་ཐུབ་པར་བྱེད་དགོས།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社