(པར་ངོས་དང་པོར་མཐུད)ལྟ་སྐོར་གནང་བར་ཕེབས་ནས་ལྷ་སའི་བྱིས་པའི་ཕོ་བྲང་གི་འབྲེལ་ཡོད་ལས་དོན་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། དེའི་རྗེས་སུ་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་ཐོག་སོ་གཉིས་པར་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སུའུ་ལྷ་ས་ཁུལ་གཉིས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་མཉམ་ལས་སྤེལ་རེས་གནས་ཚུལ་ངོ་སྤྲོད་བྱས་པ་དང་།ལས་གནས་ཐོག་ཡོད་པ་དང་བོད་དུ་སྡོད་མཁན་ནུབ་རྒྱུད་འཆར་གཞིའི་གཞོན་ནུ་དང་བླངས་པའི་འཐུས་མིས་གཏམ་བཤད་སྤེལ་བ། ལྷ་ས་གྲོང་ཁྱེར་གྱི“ཕུགས་འདུན་ཁང་ཆུང”གི་ཁེ་ཕན་ཐོབ་མཁན་གཞོན་ནུ་ལོ་ཆུང་དང་ལས་གནས་ཐོག་ཡོད་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁག་དང་པོར་འཚམས་འདྲི་བྱས་པ།ནན་ཅིང་དམིགས་བསལ་སློབ་གསོའི་དགེ་འོས་སློབ་གླིང་དང་།ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་ཀྱིས་མཉམ་ལས་མཉམ་སྐྲུན་གྱི་གན་རྒྱ་བཞག་པའི་མཛད་སྒོ་བཅས་གཉེར་ཡོད་པ་རེད།
ཀྲའོ་ཧུའེ་ཉན་གྱིས་བསྟན་དོན།ད་ལོ་ནི་ཅང་སུའུ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན་པས། ཅང་སུའུ་གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ལྷན་གྱིས་སྔར་བཞིན་ལྷ་སའི་གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་དང་གཞོན་ནུ་ལོ་ཆུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ལ་རིག་ནུས་བོད་སྐྱོར་དང་རྣམ་གྲངས་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཞོན་ནུ་ཤེས་ལྡན་མི་སྣ་དེ་བས་མང་བ་སྒྲིག་འཛུགས་བྱས་ཏེ་ལྷ་སར་རྩ་བ་ཚུགས་པ་དང་།ལྷ་སར་ལེགས་སྐྱེས་ཕུལ་བ། ལྷ་ས་འཛུགས་སྐྲུན་བཅས་བྱ་རྒྱུའི་རེ་བ་ཡང་ཡོད།ལྷ་སའི་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ།གུང་གཞོན་སྡེ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ལས་འགན་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཞབས་ཞུ་དང་འགན་ལེན་ཡག་པོ་བྱེད་པ་དང་ཆབས་ཅིག་ཐོན་ཁུངས་དེ་བས་མང་བ་བརྩོན་ལེན་ཧུར་ཐག་བྱེད་པ་དང་།སློབ་སྟོན་བྱེད་སྟངས་གསར་གཏོད་དང་། སློབ་སྟོན་གྱི་ནང་དོན་གཏིང་ཟབ་ཏུ་གཏོང་བ། སློབ་སྟོན་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ།རང་ངོས་ཀྱི་ལས་ཀའི་ཆུ་ཚད་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གུང་གཞོན་སྡེ་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོང་སྤྱི་གཞོན་པ་ཕན་ཝུན་ཆིང་ཚོགས་འདུར་ཞུགས་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社