ཝང་ཆང་གིས་དུས་ཚིགས་གཉིས་པའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སོགས་གཙོ་གནད་ལས་དོན་ཐད་ཆེད་དོན་བཀོད་སྒྲིག་གནང་བ།
(པར་ངོས་དང་པོར་མཐུད)སྤུས་ཚད་མཐོ་བའི་སྒོ་ནས་ཕྱེད་བརྒལ་གཉིས་ཀྱི་དམིགས་ཚད་ལེགས་འགྲུབ་ཡོང་བ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
གྲོང་ཁྱེར་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་དང་ཁྲེན་ཅིང་ཚོཊ་འདུར་ཞུཊ་པ་རེད།
ཝང་ཆང་གིས་ད་ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱིས་ལྗོངས་དང་གྲོང་ཁྱེར་ཏང་ཨུད་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་སྤེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་ལེགས་སུ་འགྲོ་བ་དང་དུས་མཚུངས་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་བ་མཐོང་དགོས་ཞེས་བསྟན་ཡོད།
ཝང་ཆང་གིས་དུས་ཚིགས་གཉིས་པ་ནི་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་མཚམས་ཚིགས་ཤིག་ཡིན་ལ་ཕྱེད་བརྒལ་གཉིས་མངོན་འགྱུར་བྱེད་པའི་འགག་སྒྲོལ་གྱི་དུས་སྐབས་ཤིག་ཀྱང་ཡིན། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་དེ་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་བྱེད་པའི་འགག་རྩ་ཞིག་ཡིན། རིམ་པ་ཁག་དང་སྡེ་ཁག་ཁག་གིས་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། སེམས་ཤུགས་ཆེ་རུ་གཏོང་བ། དངོས་སུ་སྒྲུབ་པ་བཅས་ལ་བརྟེན་ནས་དཀའ་གནད་སེལ་རྒྱུ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་།གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་ཡོད་པ་རེད།
ཝང་ཆང་གིས་ཆུས(རྫོང)ཁག་དང་བྱེད་ནུས་ཁུལ་གྱིས་རྣམ་གྲངས་དམ་འཛིན་དང་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ནུས་ཤུགས་ཡོད་རྒུས་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་གཙོ་གནད་འདི་དམ་པོར་བཟུང་ནས་ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་རྗེས་ལུས་ཀྱི་འཇུར་མིག་བསལ་ཏེ་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། དངོས་པོའི་གྲངས་འབོར་དེ་བས་མང་བ་ཆགས་པར་བྱེད་དགོས།འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཏན་ཏིག་འཁུར་ནས་འགན་འཁྲི་གཙོ་བོར་དམིགས་ཏེ་ནང་གི་འཇོན་ནུས་སྦྱོང་བ་དང་།ཕྱི་འབྲེལ་ཡག་པོ་བྱེད་པ། ཆེད་དོན་ཚོགས་ཆུང་གིས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། ལས་འགན་ཞིབ་ཐོ་ཅན་དུ་འགྱུར་བ།རྩིས་ཐོ་བཀོད་ནས་ལྟ་སྐུལ། རྗེས་འདེད་ཕན་འབྲས་འདྲི་བ། འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བ། གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། དམིགས་ཚད་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བ་བཅས་བྱེད་དགོས། ཆུས(རྫོང)ཁག་དང་བྱེད་ནུས་ཁུལ་གྱིས་བསྡོམས་རྩིས་སྡེ་ཚན་དང་འབྲེལ་བ་དམ་ཟབ་བྱས་ཏེ་གྲངས་གཞི་དང་ཆ་འཕྲིན་འབྲེལ་གཏུགས་ལ་ཤུགས་སྣོན་གང་ཡོད་རྒྱག་པ་དང་།བསྡོམས་རྩིས་ལས་དོན་གྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་འགོ་ཚུགས་པའི་རྣམ་གྲངས་གཅིག་གྱུར་དང་བསྡུ་ལེན་གང་ཐུབ་བྱ་རྒྱུའི་འགན་ལེན་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་དང་།ལུའུ་ཚུང་ཧྥུའུ། ཁོང་ཧུའེ། བློ་གསལ། ཀྲའོ་ཧྲི་ཏུང་། པ་སངས་རྡོ་རྗེ། བློ་བསྟན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社