(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁག་སོ་སོར་ཁྱབ་ཁོངས་ཆུང་བའི་མཇལ་འཛོམས་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཙུང་ཐུང་ཝུའུ་ཆི་ཆིའི་གདན་ཞུ་ཐེངས་མང་གནང་བ་ལྟར་ལོ་8སོང་རྗེས་སླར་ཡང་མཛེས་སྡུག་ལྡན་པའི་སེར་ཝེ་ཡར་འཚམས་འདྲིར་སླེབས་པར་ང་ཧ་ཅང་དགའ་པོ་བྱུང་།སྲིད་འཛིན་ཝུའུ་ཆི་ཆིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གལ་ཆེན་མང་པོའི་སྣེ་ཁྲིད་དེ་གནམ་ཐང་དུ་བསུ་བ་ཞུ་བར་ཕེབས་པ་དང་ལྷག་པར་དུ་ད་གིན་ང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་གནང་སོང་བས་ང་ལ་སེམས་འགུལ་ཟབ་མོ་ཐེབས་པ་དང་།སེར་ཝེ་ཡའི་མི་དམངས་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཞིག་ཡིན་པ་དང་ཀྲུང་གོར་མཛའ་གྲོགས་ཀྱི་བརྩེ་དུང་ཟབ་མོ་ལྡན་པ་ཚོར་བྱུང་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་སེར་ཝེ་ཡའི་དབར་གྱི་མཛའ་གྲོགས་ལ་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་དེ་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་དང་།ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ།རྒྱ་ཁྱབ་ཀྱི་ཐུན་མོང་གི་ཁེ་ཕན་བརྟན་པོ།འགྱུར་མེད་ཀྱི་དམངས་འདུན་གྱི་རྨང་གཞི་བཅས་ལྡན་ཡོད།ཉེ་བའི་ལོ་ཤས་རིང་།ང་དང་སྐུ་ཞབས་སྲིད་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྣེ་ཁྲིད་བྱས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།ལྷག་པར་དུ་2016ལོར་ཀྲུང་གོ་དང་སེར་ཝེ་ཡའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་།ཕྱོགས་གཉིས་པོའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཁྱབ་ཆེ་རུ་ཕྱིན་ནས་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།བྱ་སྤྱོད་ནི་སྐད་ཆ་ལས་ལྷག ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་མུ་མཐུད་དཀའ་སྡུག་མཉམ་མྱོང་དང་ལས་དབང་མཉམ་འབྲེལ།མཛའ་གྲོགས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས།ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་བཟང་པོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་རྒྱལ་ཁབ་གཉིས་པོའི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་དང་།དཔུང་པ་མཉམ་གཤིབ་ཀྱིས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་གཏོང་བ།དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་སེར་ཝེ་ཡ་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཐོག་མ་དེ་ཡིན།ཕྱོགས་གཉིས་པོའི་མཉམ་ལས་ཀྱིས་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད།དུས་བབ་གསར་པའི་འོག་སེར་ཝེ་ཡ་ནི་ཀྲུང་གོ་དང་མཉམ་དུ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཡོ་རོབ་རྒྱལ་ཁབ་དང་པོར་གྱུར་པ་དེའི་ཐོག་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་།དམིགས་བསལ་རང་བཞིན།ཆུ་ཚད་མཐོ་བ་བཅས་གང་ལེགས་མཚོན་ཡོད།དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་ནི་ཀྲུང་གོ་དང་སེར་ཝེ་ཡའི་མཛའ་གྲོགས་ཀྱི་བློ་རྩ་བརྟན་པོ་འཕེལ་ཐུབ་པ་ཞིག་ཡིན་ལ་ཕྱོགས་གཉིས་པོའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་དམིགས་ཚད་དོན་གཉེར་ཡང་མཚོན་གྱི་ཡོད་པ་སྟེ།ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་།མཉམ་ལས་མཉམ་ཁེ།ཕན་ཚུན་གྲུབ་འབྲས་ཐོབ་པ་བཅས་བྱུང་ཡོད།དེ་ནི་ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་ཐོག་གི་རང་བཙན་རང་བདག་མཐའ་འཁྱོངས་དང་།ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བཅས་བྱེད་པའི་རྒྱལ་ཁབ་ཚང་མའི་ཐུན་མོང་གི་འདུན་པ་ཞིག་རེད།ཕྱོགས་གཉིས་པོས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་ནས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་།ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོ་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱེད་དགོས་པ་སྟེ།
དང་པོ།རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་རང་བཞིན་མངོན་གསལ་དོད་དུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་དགོས།ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡས་རང་བཙན་རང་བདག་མཐའ་འཁྱོངས་དང་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་སེར་ཝེ་ཡས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རང་སོ་སོའི་ཆབ་སྲིད་བདེ་འཇགས་དང་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས།
གཉིས་པ།རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་དངོས་སྒྲུབ་རང་བཞིན་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་དགོས།ཀྲུང་གོ་དང་སེར་ཝེ་ཡའི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།ཕྱོགས་གཉིས་པོས་འགྲིམ་འགྲུལ་དང་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཧང་ག་རི་དང་སེར་ཝེ་ཡའི་བར་གྱི་ལྕགས་ལམ་ཁྲོད་ཀྱི་སེར་ཝེ་ཡའི་དུམ་བུ་ཡོངས་སུ་ཤར་གཏོང་ཐུབ་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་དང་།རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་ཆེ་གྲས་ཐུན་མོང་ཐོག་གཉེར་སྐྱོང་ཡག་པོ་བྱས་ཏེ་ཆུང་ལ་ཡག་པའི་དམངས་འཚོའི་རྣམ་གྲངས་དེ་བས་མང་བ་བཏོད་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དགེ་མཚན་ལྡན་པའི་ཕན་འབྲས་རྒྱུན་མཐུད་ངང་འདོན་དགོས།ཀྲུང་གོ་དང་སེར་ཝེ་ཡའི་རང་མོས་ཚོང་དོན་གྲོས་མཐུན་འདི་ལོའི་ཟླ་7ཚེས་1ཉིན་ནས་ནུས་པ་ཐོན་རྒྱུ་ཡིན་པ་དང་།ཀྲུང་གོ་དང་སེར་ཝེ་ཡའི་ཆུ་ཚད་མཐོ་བའི་ཕན་ཚུན་སྒོ་དབྱེ་བྱ་རྒྱུ་དེ་དུས་མཚམས་གསར་པར་སླེབས་ངེས་རེད།ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡའི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་།འབྱུང་འགྱུར་ལོ་གསུམ་ནང་སེར་ཝེ་ཡའི་གཞོན་ནུ་ལོ་ཆུང་300ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་གདན་འདྲེན་ཞུ་འདོད་ཡོད།སེར་ཝེ་ཡ་ཕྱོགས་ཀྱིས་པེར་ཀེ་རེ་ཏེ་ནས་ཧྲང་ཧའེ་བར་གྱི་ཐད་གཏོང་མཁའ་ལམ་མང་དུ་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན།
གསུམ་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གསར་གཏོད་རང་བཞིན་དར་སྤེལ་བཏང་ནས་མཉམ་ལས་ཀྱི་མདུན་ལམ་གསར་པ་བཏོད་དེ་གསར་གཏོད་མཉམ་ལས་དེ་ཕྱོགས་གཉིས་པོའི་འབྲེལ་བའི་འཕར་གཞི་གསར་པ་ཞིག་ཏུ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་གསུམ་ནང་སེར་ཝེ་ཡའི་གཞོན་ནུ་ཚན་རིག་མཁས་ཅན་50ཀྲུང་གོར་ཚན་རིག་ཞིབ་འཇུག་སྤེལ་རེས་འཚམས་འདྲི་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་སེར་ཝེ་ཡའི་ཕྱོགས་དང་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མིའི་རིགས་ཡོངས་ལུགས་མཐུན་ངང་འཕེལ་རྒྱས་དང་མིས་བཟོས་རིག་ནུས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ཐུན་མོང་ཐོག་ངོ་རྒོལ་དང་། ཚོགས་པའི་ཆབ་སྲིད་དང་དཔུང་ཁག་འགྲན་རྒོལ་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།
ཝུའུ་ཆི་ཆིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་།ཀྲུང་གོ་ནི་སེར་ཝེ་ཡའི་ཆེས་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཞིག་ཡིན་ཞེས་བཤད་པ་རེད། སེར་ཝེ་ཡ་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སེར་ཝེ་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་གང་ལེགས་བྱས་ནས་སེར་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འཛམ་གླིང་གི་གཙོ་འཛིན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་གོར་ཀུན་གྱིས་མཐོང་གསལ་གྱི་གྲུབ་འབྲས་རླབས་ཆེན་ཐོབ་ནས་འཛམ་གླིང་འཕེལ་རྒྱས་དང་ཡར་ཐོན་གྱི་སྒྲོན་སྟེགས་སུ་གྱུར་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་ཉིན་རེ་བཞིན་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་མ་ཟད། འཛམ་གླིང་མི་དམངས་ལ་ཕན་བདེ་ཡང་དོན་གཉེར་བྱེད་ཀྱི་ཡོད། སེར་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོ་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བརྩི་འཇོག་བྱེད་ཀྱི་ཡོད་ལ་ཀྲུང་གོ་ལྟ་བུའི་རླབས་ཆེན་རྒྱལ་ཁབ་དང་རོགས་ཟླ་ཞིག་ཏུ་གྱུར་པར་སྙིང་དབུས་ནས་སྤོབས་སེམས་སྐྱེ་ཡི་ཡོད། སེར་ཝེ་ཡའི་ཕྱོགས་ཀྱིས་ཐའེ་དབན་སོགས་ལྟེ་བའི་ཁེ་ཕན་གནད་དོན་ཐད་ཀྱི་ཀྲུང་གོའི་ལུགས་མཐུན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པས་སེར་ཝེ་ཡའི་ཕྱོགས་ཀྱིས་མུ་མཐུད་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཝུའུ་ཆི་ཆིས་ཀྲུང་གོས་མ་འཇོག་དང་མཉམ་ལས་བྱས་པ་དེས་སེར་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད་ལ་སེར་ཝེ་ཡའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ལྷག་པར་དུ་2016ལོ་ནས་བཟུང་།ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་བརྟེན་ཧོ་ཀང་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ནས་ངར་ལྕགས་བཟོ་གྲྭའི་ལས་དབང་ལ་འགྱུར་ལྡོག་མཐར་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཡིད་ཆེས་དང་རེ་བ་ཡང་ཆེ་རུ་ཕྱིན་ཡོད། སེར་ཝེ་ཡའི་འབྱུང་འགྱུར་ནི་ཀྲུང་གོ་དང་འབྲེལ་བ་དམ་ཟབ་ཡོད་པས། སེར་ཝེ་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་དམ་ཟབ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གསར་པ། གསར་གཏོད། མིས་བཟོས་རིག་ནུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཧང་ག་རི་དང་སེར་ཝེ་ཡའི་བར་གྱི་ལྕགས་ལམ་ཁྲོད་ཀྱི་སེར་ཝེ་ཡའི་དུམ་བུ་དུས་བཀག་ལྟར་ལེགས་གྲུབ་ཡོང་བ་དང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་སེར་ཝེ་ཡ་ལ་མ་འཇོག་མཉམ་ལས་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུ། རྒྱལ་ཁབ་གཉིས་པོའི་ཐད་འཕུར་གནམ་གྲུ་དེ་བས་མང་བ་ཤར་གཏོང་བྱ་རྒྱུའི་རེ་སྒུག་བཅས་བྱས་ཏེ་སེར་ཝེ་ཡ་དང་ཀྲུང་གོའི་རང་མོས་ཚོང་དོན་གྲོས་མཐུན་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན། དེ་རིང་ང་ཚོས་སེར་ཝེ་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་སེར་ཝེ་ཡ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་དེ་སེར་ཝེ་ཡ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པར་འགྱུར་ངེས་ཡིན། སེར་ཝེ་ཡའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་རྒྱུ་དང་ཀྲུང་གོ་ཕྱོགས་དང་ཕྱོགས་མང་གི་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་བཙན་དབང་ལ་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
མཇལ་མོལ་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་ཀྲུང་སེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་ཐུན་མོང་ཐོག་མིང་རྟགས་བཀོད་གནང་བ་དང་འབྲེལ་རྒྱུད་གཅིག་ལམ་གཅིག་དང་། འབྱུང་འཕྲོད་འཕེལ་རྒྱས། གྲངས་གཞིའི་དཔལ་འབྱོར། གློག་རྡུལ་ཚོང་དོན། རྨང་གཞིའི་སྒྲིག་བཀོད། དཔལ་འབྱོར་ལག་རྩལ། ཆ་འཕྲིན་འཕྲིན་གཏོང་། ཞིང་ལས་བཟའ་བཅའ་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་དང་མཉམ་དུ་བདེན་དཔང་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ་རེད།
ཉིན་དེའི་ཉིན་དགུང་ཝུའུ་ཆི་ཆི་དང་ཐ་མ་ལ་ཡིས་སེར་ཝེ་ཡའི་ཐོག་བརྩེགས་ཁང་ཆེན་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་དགའ་བསུའི་གསོལ་སྟོན་གཟབ་རྒྱས་བཤམས་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ལྷན་དུ་ཞུགས་ཡོད།(བུ་ཆུང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社