分享按钮

སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་ལས་མི་75ཡི་གླ་ཆ་སྒོར་ཁྲི་78ལྷག་ཙམ་རག་ཐབས་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་ལམ་སྲོལ་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཀྱི་སེམས་ཁྲལ་ཐག་གཅོད་བྱས་ཡོད། ཉིན་ཤས་གོང་ཁྲིམས་ཁང་དེས“གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་དང་ཁྲིམས་འཛིན་གྱི་ཁས་ལེན་དེ་བཞིན་ལག་བསྟར་སྐུལ་འདེད་གཏོང་བའི”ལས་ཀའི་རྣམ་པའི་སྟབས་བདེའི་རང་བཞིན་དང་དངོས་ཕན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ།ལས་མི་75ཡི་ངལ་རྩོལ་གྲོན་དངུལ་སྒོར་ཁྲི་78ལྷག་ཙམ་གཅིག་སྡུད་ཐོག་རག་ཐབས་བྱས་པ་རེད།

ཉིན་དེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུའི་ལྟེ་གནས་སུ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གི་འབྲོག་མ་གྲོང་ཚོའི་ལས་མི་75ཡིས་ངལ་རྩོལ་གྱི་གྲོན་དངུལ་སྤྲོད་རྒྱུར་ངང་རྒྱུད་རིང་པོས་སྒུག་བཞིན་ཡོད་པ་དང་། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ངལ་རྩོལ་གྲོན་དངུལ་གྱི་འབྲེལ་ཡོད་ཆ་འཕྲིན་གསེད་བཀྲོལ་དང་ཞིབ་བསྡུར་ནན་ཏན་བྱས་ཡོད། དེ་རྗེས་ལས་མི་ཚོས་གོ་རིམ་ལྟར་ཐོབ་ཐང་ཆ་འཕྲིན་དང་གྲངས་འབོར་ལ་ཞིབ་བསྡུར་བྱེད་པ་དང་། མིང་རྟགས་བཀོད་ནས་གཏན་འཁེལ་བྱེད་པ། མཛུབ་མཐེལ་རྒྱག་པ་བཅས་བྱས་ཏེ་ཐོབ་འོས་པའི་གླ་ཆ་རག་ཡོད་པ་རེད། ངལ་རྩོལ་གྲོན་དངུལ་སྤྲོད་ཡུལ་དུ་ཁ་གསལ་དང་། ཡོངས་བསྒྲཊ། ལས་ཆོད་ཆེ་བ་བཅས་ཡོད་པས་ལས་མི་ཚོར་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུ་དངོས་ཚོར་ཐུབ་པ་བྱུང་ནས་གླ་ཆ་འགྱངས་ཆད་བྱུང་བའི་ཞིང་པ་ལས་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད།

2018ལོར།ཁག་བགོས་འགན་གཙང་ལེན་མཁན་ཀུང་སི་ཞིག་གིས་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་ལས་མི་75གླས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་ཡུལ་ག་གེ་མོ་ཞིག་ཏུ་ལས་ཀ་བྱེད་དུ་བཅུག་པ་རེད། ཕྱོགས་གཉིས་པོས་ཉིན་རེར་ངལ་རྩོལ་གྲོན་དངུལ་གཙང་འཇལ་བྱ་རྒྱུའི་ཁ་ཆད་བཞག་མོད། འོན་ཀྱང་ཀུང་སི་དེའི་མ་དངུལ་འཁོར་རྒྱུག་ཐད་དཀའ་ངལ་འཕྲད་པའི་དབང་གིས་ཁ་ཆད་ལྟར་ངལ་རྩོལ་གླ་ཆ་སྤྲོད་ཐུབ་མེད། 2024ལོའི་ཟླ་3ཚེས་21ཉིན་ལས་མིའི་འཐུས་མི་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་དུ་ཕྱིན་ནས་གྱོད་དོན་ཐོ་འགོད་ཁྲིམས་སའི་ལས་དོན་མི་སྣར་འབྲེལ་ཡོད་གནད་དོན་འདྲི་རྩད་དང་ཞུ་གཏུག་བྱས་པ་རེད།

འགལ་བ་སྔར་ལས་ལེཊ་པར་སེལ་ནས་གྱོད་དོན་མཇུག་སྒྲིལ་ཐུབ་པ་དང་དུས་མཚུངས་དོ་བདག་གི་གཏུག་བཤེར་མ་གནས་ཉུང་དུ་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་གྱོད་དོན་དང་འབྲེལ་བ་ཡོད་པའི་དོ་བདག་སྒྲིག་འཛུཊ་ཧུར་ཐག་བྱས་ནས་འབྲེལ་གཏུག་མ་བྱས་གོང་གི་འདུམ་འགྲིག་བྱེད་སྟངས་སྤྱད་དེ།གྱོད་དོན་ཁག་གཅིག་འདུམ་འགྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་དང་གྱོད་དོན་ཁག་གཅིག་ཡབ་མདའ་ཁྲོམ་གཞུང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་མངགས་ནས་འདུམ་འགྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

གྱོད་དོན་ཐོ་འགོད་ཁྲིམས་སའི་ཁྲིམས་དཔོན་གྱིས་བརྒྱུད་རིམ་ཧྲིལ་པོའི་བར་འདུམ་ནང་ཞུགས་དགོས་པར་མ་ཟད། ཕྱོགས་གཉིས་པོའི་གྲོས་མཐུན་ནང་ཁ་ཆད་བཞག་པའི་དངུལ་སྤྲོད་དུས་ཚོད་མ་ཐིམ་གོང་ཀུང་སི་དེས་འདུམ་འགྲིག་གྲོས་མཐུན་ནང་བཞག་པའི་ཁ་ཆད་ལྟར་རང་འགུལ་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་། མཐར་ཀུང་སི་དེས་ལས་མི་75ལ་འགྱངས་ཆད་བྱས་པའི་ངལ་རྩོལ་གྲོན་དངུལ་སྒོར་ཁྲི་78ལྷག་ཙམ་ཚང་མ་སྤྲད་ཚར་བ་བྱས་ཡོད་པ་རེད།

ཞིང་པ་ལས་མིའི་གླ་ཆ་རག་ཐབས་བྱེད་པའི་གྱོད་གཞི་ཁག་དེ་མགྱོགས་མྱུར་ཐག་གཅོད་བྱས་པ་དེ་ནི་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ལེགས་གྲུབ་བྱུང་བ་ཞིག་ཡིན་ལ། འགལ་བ་དང་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ་འགལ་བ་དང་རྩོད་གཞི་ནུས་ལྡན་སེལ་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

ཕྱིས་འབྱུང་།སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མུ་མཐུད་ལག་ལེན་ཧུར་ཐག་བསྟར་བ་དང་། རྒྱུན་ཆད་མེད་པར་ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ། གཏུག་བཤེར་གྱི་འབྱུང་ཁུངས་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། གཏུག་བཤེར་འདུམ་འགྲིག་གི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་གྱི་ཞབས་ཞུ་སྔར་བས་ནུས་ཆེ་དང་། སྟབས་བདེ། དྲོ་སྐྱིད་ལྡན་པ་བཅས་ཡོང་བར་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-09 6 6 拉萨日报藏文 c180618.html 1 སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་ལས་མི་75ཡི་གླ་ཆ་སྒོར་ཁྲི་78ལྷག་ཙམ་རག་ཐབས་བྱས་པ། /enpproperty-->