(པར་ངོས་དང་པོར་མཐུད)ཝང་ཆང་གིས་འབྲེལ་ཡོད་ས་ཆ་དང་། འཛུགས་སྐྲུན་འཆར་འགོད། འཛུགས་སྐྲུན་གཉེར་སྐྱོང་སོགས་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ནས་འགྲོ་ལུགས་འགྱུར་ལྡོག་དང་། ཆད་དངུལ་གསབ་སྤྲོད། འགན་འཁྲི་དབྱེ་མཚམས་སོཊ་ཀྱི་དཀའ་གནད་ཡུལ་དངོས་སུ་མཐུན་སྦྱོར་དང་ཐག་གཅོད་གནང་ཡོད། ཁོང་གིས་བསམ་བློ་དང་བྱ་སྤྱོད་དེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། གླིང་ཁུལ་འཕེལ་རྒྱས་ཀྱི་གནས་བབ་གཞིར་བཟུང་། འགན་འཁྲི་གཙོ་བོར་དམིཊ་ཏེ། དངུལ་རྩ་ཚོང་དོན་ཁུལ་ཧུར་ཐག་བསྐྲུན་ནས་སྤྱི་ཁྱབ་པུའུ་ཡི་དཔལ་འབྱོར་དང་། གྲངས་གཞིའི་དཔལ་འབྱོར། ལས་སྟེཊ་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། ཞབས་ཞུའི་དཔལ་འབྱོར། ཐོག་ཁང་དཔལ་འབྱོར་སོཊ་དཔལ་འབྱོར་གྱི་རྣམ་པ་སྐྱེད་སྲིང་དང་འཕེལ་རྒྱས་ཤུཊ་ཆེན་བཏང་ནས་ཁྱབ་ཁོངས་གསར་པ་གཏོད་ཕོད་པ་དང་འགྲན་ལམ་གསར་པ་ལས་རྒྱལ་བར་བྱེད་དགོས་པར་མ་ཟད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུཊ་གསར་པ་སྟོབས་ལྡན་དུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
མཐོ་གསར་ཁུལ་དུ་ཝང་ཆང་གིས་འབྲེལ་ཡོད་ཁེ་ལས་ཀྱི་དུས་ཚིཊ་དང་པོའི་གཉེར་སྐྱོང་གནས་ཚུལ་ཐད་ཤེས་རྟོཊ་ཞིབ་ཕྲ་གནང་བ་དང་། ལས་ཀའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད། ཁོང་གིས་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེཊ་སུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་སྒྲིག་ལམ་མུ་མཐུད་སྲུང་སྐྱོང་། ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་གཉེར་སྐྱོང་བྱེད་པོས་བློ་བདེ་པོའི་ངང་མ་འཇོག་དང་བློ་བདེ་པོའི་ངང་གཉེར་སྐྱོང་ཐུབ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཆང་དང་བཅས་པ་ད་དུང་གྲོང་ཁྱེར་སྔོ་ལྗང་དང་ཞིབ་ཚགས་དོ་དམ་སོགས་ཐད་ཀྱི་ལས་དོན་ལ་ལྟ་ཞིབ་གནང་བ་རེད། ཁོང་གིས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པས། བདག་པོའི་རྣམ་པའི་ཐོག་ནས་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་ལ་དོ་དམ་བྱེད་དགོས། ལྗང་མདོག་མང་དུ་གཏོང་བ་དང་སྡོང་སྐམ་གསབ་འཛུགས་སོགས་ཀྱི་ལས་དོན་ཁག་ཞིབ་ཚགས་དང་དུས་ཐོག་ཏུ་ཡག་པོ་བསྒྲུབས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཤིང་སོན་བདམས་ནས་རྩིས་སྤྲོད་མགྱོཊ་སུ་གཏོང་བ་དང་དོ་དམ་སྲུང་སྐྱོང་བྱེད་ཤུཊ་ཆེ་རུ་གཏོང་དགོས་པ། སྒྱུར་བཀོད་ཕྲན་བུ་དང་བཅོས་སྐྱོང་ཕྲན་བུ་ལ་སྔར་བས་མཐོང་ཆེན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁྲོམ་གཞུང་སྤྱི་གླིང་བསྐྲུན་པ་དང་། སྤྲོ་གསེང་སྒྲིག་བཀོད་བསྐྲུན་ནས་གྲོང་ཁྱེར་གྱི་ལྗང་མདོག་མང་དུ་གཏོང་དགོས་པ། “འཚེམ་དྲུབ་ཀྱི་ལས་ནུས”ལ་བརྟེན་ནས་ཁྲོན་ཁེབས་དང་ལམ་སྒྲོན་སོཊ་གྲོང་ཁྱེར་གྱི་ལྷུ་ལག་རྒྱུན་ལྡན་གྱི་སྒོ་ནས་དོ་དམ་ཡག་པོ་བྱས་ཏེ། མི་བགྲོད་ལམ་དང་ལམ་འགྲམ་གྱི་འཕྲོད་བསྟེན་ཁོར་ཡུག་དུས་ཐོག་ཏུ་བཅོས་སྒྲིག་བྱེད་པ་དང་གྲོང་ཁྱེར་གྱི་ཁོར་ཡུག་ལེཊ་སུ་བཏང་ནས་མི་དམངས་མང་ཚོཊ་གྲོང་ཁྱེར་དུ་འཚོ་བ་དེ་བས་སྟབས་བདེ་དང་། དེ་བས་བདེ་བ། དེ་བས་སྐྱིད་པ་བཅས་ཡོང་བར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
གྲོང་སྤྱི་གཞོན་པ་ཕན་ཝུན་ཆིང་བརྟག་ཞིབ་ནང་མཉམ་དུ་ཕེབས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社