分享按钮

ཚུལ་མིན་གྱི་བྱ་སྤྱོད་འདི་དག་གིས་གྲོང་ཁྱེར་གྱི་གཟུགས་བརྙན་ལ་གནོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཙང་ཞིང་མཛེས་སྡུག་ལྡན་པ་དང་། གྲལ་འགྲིག་ལ་གོ་རིམ་ལྡན་པའི་གྲོང་ཁྱེར་གྱི་མི་སྡོད་ཁོར་ཡུག་གཏོད་རྒྱུ་ནི་ང་ཚོའི་སྤྱི་དམངས་ཚང་མ་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག་གིས་བསྒྲུབ་དགོས་པའི་འོས་འགན་དང་འགན་འཁྲི་ཞིག་ཡིན། ཉེ་ཆར།གསར་འགོད་པ་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་ལས་དོན་མི་སྣའི་རྗེས་སུ་འབྲངས་ནས་སྣེ་ཁུལ་གསར་གྱི་ལམ་དུམ་ཁག་ལ་སྐབས་བསྟུན་འཚམས་འདྲི་བྱེད་སྐབས། ཨར་ལས་བྱ་ཡུལ་དུ་སྐོང་བའི་ར་སྐྱོར་གྱི་ཚད་གཞི་མ་ལོན་པ་དང་། ས་རོ་རྡོ་རོ་གང་བྱུང་དུ་སྤུངས་པ། བརྡ་ཁྱབ་བྱང་བུར་ཆག་སྐྱོན་ཤོར་བ་སོགས་ཚུལ་དང་མི་མཐུན་པའི་སྣང་ཚུལ་ཐོན་ནས་གྲོང་མི་རྣམས་ཀྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། གྲོང་ཁྱེར་གྱི་གཟུགས་བརྙན་ལའང་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་ཤེས་རྟོགས་བྱུང་།

ཨར་ལས་བྱ་ཡུལ་གྱི་ར་སྐྱོར་ནི་གྲོང་ཁྱེར་གྱི་ཡུལ་ལྗོངས་ཤིག་ཡིན་དགོས་མོད། འོན་ཀྱང་ད་ལྟ་རྨ་ཤུལ་རྙིང་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། གསར་འགོད་པས་སྣེའུ་ཁུལ་གསར་པེ་ཅིང་ལམ་ཆེན་དང་གཙང་འགྲམ་ལམ་གྱི་བཞི་མདོ་ཁའི་ལྷོ་ནུབ་མཚམས་ཀྱི་ཐེན་ཀྲི་འཛམ་གླིང་གྲོང་གི་ཨར་ལས་བྱ་ཡུལ་གྱི་མཐའ་འཁོར་དང་།ཤར་ལྷོའི་མཚམས་ཀྱི་མིང་མེད་ཚོང་ཁང་གི་མཛེས་བཟོ་བྱ་ཡུལ། དེའི་མཐའ་འཁོར་བཅས་སུ་ཨར་ལས་ཀྱི་ར་སྐྱོར་ལ་ཆག་སྐྱོན་ཤོར་བ་དང་། དེའི་ཐོག་སྦྱར་བའི་ཤེས་དཔལ་གྱི་སྦྱར་ཡིག་དང་སྤྱི་ཕན་བརྡ་ཁྱབ་རལ་བའམ་ཆག་པ། ཨར་ལས་ཀྱི་གད་སྙིགས་དང་། མཛེས་བཟོའི་རྒྱུ་ཆ། ལྕགས་རིགས་འགོག་སྲུང་སྒྲོམ་བཅས་གང་འདོད་དུ་སྤུངས་པ། མཉམ་སྤྱོད་རྐང་འཁོར་གང་སར་འཇོག་པ། ལམ་འགྲམ་གྱི་ཆུ་སྦུག་གི་ཁེབས་གཅོད་ལ་ཆག་སྐྱོན་ཤོར་བ་སོགས་ཀྱི་སྣང་ཚུལ་ཤེས་རྟོགས་བྱུང་། ལམ་དེའི་ལྷོ་ནས་བྱང་ཕྱོགས་ཀྱི་ལམ་བྱང་ལའང་སྐྱོན་ཤོར་བའི་སྣང་ཚུལ་ཚབས་ཆེན་ལྡན་པ། དེ་དང་ཆབས་ཅིག་པིན་ཧོ་ལམ་དང་ཐང་ཆེན་ཤར་ལམ་གྱི་བཞི་མདོ་ཁ་ནས་ནུབ་ཀྱི་སྨི་50ཡི་སར་དང་། གཙང་འགྲམ་ལམ་དང་ཐང་ཆེན་ནུབ་ལམ་གྱི་བཞི་མདོ་ཁ་ནས་ནུབ་ཀྱི་སྨི་50ཡི་ས། ཚ་རྒུར་ལམ་ཆེན་དང་ཐའོ་ལི་ལམ་ཆེན་གྱི་ཤར་ངོས། ལྷོ་སྐོར་ལམ་ཧུང་ཤིན་མེ་ཁའེ་ལུང་ཤར་ངོས་ཀྱི་དམངས་ཚོང་དུས་རབས་ཐང་ཆེན་གྱི་ལས་ཡུལ་བཅས་ལའང་གོང་གི་སྣང་ཚུལ་དེ་རིགས་ཐོན་ཡོད་པ་རེད།

གཞན་ཡང་སེམས་ཀྱི་ཉི་ཟླའི་ཁྲོམ་གཞུང་དང་ཚ་རྒུར་ལམ་ཆེན་གྱི་བཞི་མདོའི་ལྷོ་ནུབ་འགྲམ་གྱི་ཚོང་ཁང་གི་ཚོང་ལས་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་ལུགས་མཐུན་ངང་བཀལ་མེད་པ་དང་། གཙང་འགྲམ་ལམ་དང་ཐང་ཆེན་ཤར་ལམ་གྱི་བཞི་མདོའི་ཤར་ལྷོའི་ཟུར་གྱི་མི་བགྲོད་ལམ་ངོས་ཀྱི་རྡོ་གཅལ་ལ་ཆག་སྐྱོན་ཤོར་ནས་འབར་རི་འབོར་རི་ཡིན་པ། པེ་ཅིང་ལམ་ཆེན་དང་ཤར་སྐོར་ལམ་གྱི་བཞི་མདོ་ཁའི་ལམ་སྒྲོལ་བྱང་བུ་ཆེ་གྲས་ཀྱི་ཚོན་མདོག་ཚབས་ཆེན་ལོག་པ། གྲོང་གསར་བྱང་ལམ་དང་ཤར་སྐོར་ལམ་གྱི་ལམ་གསུམ་མདོའི་ནུབ་བྱང་ཟུར་གྱི་འཛུགས་སྐྲུན་གད་སྙིགས་དུས་ཐོག་ཏུ་གཙང་སེལ་མ་བྱས་པ་དང་།གནས་དེའི་ལྷོ་ནུབ་ངོས་ཀྱི་ཐོག་ཁང་སྟེང་གི་བརྡ་ཁྱབ་བྱང་བུ་ལ་སྐྱོན་ཤོར་བ་སོགས་ཀྱི་སྣང་ཚུལ་ལྡན་ཡོད་པ་རེད།

ཚུལ་མིན་གྱི་བྱེད་སྤྱོད་དེ་དག་གིས་ལྷ་སའི་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད་པས་འབྲེལ་ཡོད་ཁེ་ལས་དང་མི་སྒེར་གྱིས་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་རང་རྟོགས་ངང་གྲོང་ཁྱེར་གྱི་གཟུགས་བརྙན་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ལ། འབྲེལ་ཡོད་སྡེ་ཚན་ཁག་གིས་ལྟ་སྐུལ་དོ་དམ་བྱ་ཐབས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གཙང་མ་དང་། གྲལ་འགྲིག་པ། བདེ་སྐྱིད་ལྡན་པ་བཅས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ས་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད། ཐེར་འདོན་སྟེགས་བུས་མང་ཚོགས་ཀྱིས་གཅིག་སྡུད་ཐོག་བཏོན་པའི་གནད་དོན་ལ་དམིགས་ཏེ་ཚུལ་མིན་གྱི་སྣང་ཚུལ་ཡོངས་བསྒྲགས་ངང་དམར་འདོན་བྱ་རྒྱུ་དང་། གྲོང་མི་མང་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་ཡིག་སྒམ་ls_bwmxwbg@126.comབརྒྱུད་ཐེར་འདོན་བྱེད་ཆོག(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-08 6 6 拉萨日报藏文 c180598.html 1 ཚུལ་མིན་གྱི་བྱ་སྤྱོད་འདི་དག་གིས་གྲོང་ཁྱེར་གྱི་གཟུགས་བརྙན་ལ་གནོད་པ། /enpproperty-->