分享按钮

བོད་རང་སྐྱོང་ལྗོངས་ཀྱི་རླངས་འཁོར་འགྲེམས་ཚོགས་སྐབས་ བཅུ་པ་ལྷ་སར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་1ཉིན།ལྗོངས་ཚོང་དོན་ཐིང་གིས་སྒྲིག་འཛུགས་བྱས་པའི་བོད་ལྗོངས་རླངས་འཁོར་འགྲེམས་ཚོགས་སྐབས་བཅུ་པ་ལྷ་སར་གཉེར་བ་དང་།བྱེད་སྒོའི་ཉིན་དང་པོར་གྲོང་མི་མི་ཉུང་བ་ཞིག་གིས་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་ཚོགས་ནང་ཞུགས་པའི་གྲགས་རྟགས་30ལྷག་ཙམ་དང་འགྲེམས་སྟོན་བྱས་པའི་རླངས་འཁོར་170ལྷག་ཙམ་གྱི་ནང་པའོ་མ་དང་། ཀོང་ཀྲོའུ་ཡི་རླངས་འཁོར་ཧྥུང་ཐེན། པིན་ཁྲི་སོགས་གྲགས་ཅན་རླངས་འཁོར་མང་པོ་ཚུད་ཡོད་པ་རེད། གྲགས་རྟཊ་ཁག་གི་རླངས་འཁོར་མི་འདྲ་བའི་ནང་གཟིགས་སྐྱོང་མཐོ་ཤོས་ལ་སྒོར་ཁྲི་12དང་། ལག་རྟཊ་སྒོར་ཁྲི་3 ཕྱོགས་བསྡུས་གཟིགས་སྐྱོང་སྒོར་ཁྲི་3.5སོགས་ཀྱི་གཟིགས་སྐྱོང་ཡོད་པ་མ་ཟད། ད་དུང་རླངས་འཁོར་ཉོས་ཚེ་རིན་མེད་ངང་མཛེས་རྒྱན་སྤྲོས་དང་རྨང་གཞིའི་བདག་སྐྱོང་སོཊ་ཀྱི་བྱེད་སྒོ་ཡང་ཡོད་ཅིང་། གཟིགས་སྐྱོང་བྲིན་སྐུལ་གྱི་བྱ་ཐབས་སྣ་ཚོགས་ཀྱིས་འཛད་སྤྱོད་པ་མི་ཉུང་བ་ཞིག་རླངས་འཁོར་འགྲེམས་ཚོགས་ལ་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།

སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། རྙིང་ཚབ་གསར་བརྗེའི་ཁ་གསབ་སོགས་ཕན་ཡོད་སྲིད་ཇུས་བཏོན་པའི་རྨང་གཞིའི་ཐོག་སྐབས་འདིའི་རླངས་འཁོར་འགྲེམས་ཚོཊ་ཀྱིས་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཉོ་སྒྲུབ་བྱེད་སྐབས་ཚད་གཞི་ངེས་ཅན་ཞིག་ལོན་ཚེ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་། ཁེ་ལས་ཀྱིས་ཁེ་བཟང་སྤྲོད་ཀྱི་ཡོད། ཉོ་སྒྲུབ་ཀྱི་ཚད་གཞི་ངེས་ཅན་ཞིག་ལོན་ཚེ་ལག་རྟགས་སྤྲོད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་གཟིགས་སྐྱོང་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”ཞིག་ཆཊ་ནས་རླངས་འཁོར་ཉོ་སྒྲུབ་ཀྱི་འཛད་སྤྱོད་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་ཤིང་།གྲོང་མིར་ཁེ་ཕན་ཐོབ་པ་དང་། ཚོང་པར་ཁེ་སྤོཊ་ཐོབ་པ། ས་ཁོངས་འཕེལ་རྒྱས། ཁྲོམ་ར་རིམ་སྤོར་བཅས་ལ་ཕན་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

སྣ་མང་ཕུན་སུམ་ཚོགས་པའི་རླངས་འཁོར་འཛད་སྤྱོད་བྱེད་སྒོ་ཕུད། ཡུལ་དངོས་སུ་ད་དུང་མཚོ་ཇག་གྲུ་གཟིངས་དང་ལྒང་བུ་ལ་མདའ་འཕེན་པ་སོགས་ཀྱི་རོལ་རྩེད་རྣམ་གྲངས་དང་ཐོན་རྫས་ཕྱིར་འཚོང་བྱ་ཡུལ་24ཚུད་ཡོད་པས་གྲོང་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད། སྔར་བྱུང་མྱོང་མེད་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་དགའ་སྤྲོའི་རྣམ་པ་ཤིག་བཏོད་དེ་ལྟད་མོ་བ་ཚང་མས་ཕྱོགས་ཡོངས་དང་དབྱིངས་ཞུགས་རྣམ་པའི་ཐོག་ནས་རླངས་འཁོར་ལས་བྱུང་བའི་ཚན་རྩལ་གྱི་འཚོ་བའི་མཛེས་སྡུག་ཉམས་ལེན་ཐུབ་པ་བྱུང་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 6 6 拉萨日报藏文 c180559.html 1 བོད་རང་སྐྱོང་ལྗོངས་ཀྱི་རླངས་འཁོར་འགྲེམས་ཚོགས་སྐབས་ བཅུ་པ་ལྷ་སར་གཉེར་བ། /enpproperty-->