分享按钮

(པར་ངོས་དང་པོར་མཐུད)ལྷག་པར་དུ་རླངས་འཁོར་དང་། མཛེས་ལྗོངས་ཁུལ་གྱི་འགྲུལ་རྒྱུན། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ནན་པོ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ལྟ་སྐུལ་དོ་དམ་དང་མེ་ཟོན་བདེ་འཇགས་སོགས་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བཅོས་སྒྲིག་དང་ཞིབ་བཤེར་བྱེད་ཤུགས་གཅིག་གྱུར་གྱིས་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ལས་འཛོལ་མ་ཐོན་པར་བྱས་ནས་མི་དམངས་མང་ཚོགས་བདེ་སྐྱིད་ངང་དུས་ཆེན་སྐྱེལ་ཐུབ་པའི་འགན་ལེན་བྱ་དགོས་ཞེས་གསུངས་ཡོད།

དུས་ཆེན་རིང་བར་སྐོར་ཁྲོམ་གཞུང་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཡུལ་སྐོར་བས་ཁེངས་ཤིང་སྒྲིག་ལམ་ཡང་ཡག་པོ་ཡོད། ཡན་ཅིན་ཧའེ་དང་བཅས་པ་ཕེབས་ཞོར་དུ་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཡུལ་སྐོར་གྱི་མྱོང་ཚོར་བཀའ་འདྲི་གནང་ཡོད། ཁོང་གིས་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ།ཡུལ་སྐོར་ཁྲོམ་རའི་གཉེར་སྐྱོང་གི་བྱ་སྤྱོད་རྒྱུན་མཐུད་ཚད་ལྡན་དུ་གཏོང་བ་དང་།ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་སྔར་བས་གཙང་བ་ཡོང་བར་བྱས་ཏེ།རང་ལྗོངས་ཀྱི་ཡུལ་སྐོར་གྱི་གཟུཊ་བརྙན་བཟང་པོ་མངོན་པར་བྱེད་དགོས་ཞེས་གསུངས་ཡོད། ཁོང་གིས་ཐོན་སྐྱེད་བདེ་འཇགས་ཐད་གནས་ཚུལ་མི་ལྷག་པར་བྱེད་དགོས་པ་སྟེ། “བདེ་འཇགས་ནི་དོན་དག་ཆུང་ཆུང་མིན”ཞེས་པ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་དོགས་ཟོན་རྒྱུན་འཁྱོངས་བྱས་ཏེ།ལྷོད་གཡེང་གི་བསམ་པ་དང་སྟེས་དབང་གི་བསམ་མཚུལ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས་པ་དང་། ས་ཆ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་བདེ་འཇཊ་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ།ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་གཙོ་བོར་འཛིན་པ་དང་། གཙོ་གནད་ས་ཁུལ་དང་འགག་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ། ས་ཁོངས་མི་ལུས་པར་བྱས་ནས་དོན་རྐྱེན་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། མིག་གཞི་རིམ་ལ་བལྟ་བ་དང་འཐབ་ཕྱོགས་དང་པོར་དོ་སྣང་བྱེད་པ་མཐའ་འཁྱོངས་དང་།འཕྲལ་སྡོམ་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་བདེ་འཇགས་དྲིལ་བསྒྲགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ཏེ།ནུས་ཤུཊ་ཡོད་རྒུས་བདེ་འཇགས་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་གསུངས་གནང་ཡོད།(པ་ཚེ་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-06 6 6 拉萨日报藏文 c180557.html 1 /enpproperty-->