分享按钮

ཐུར་ཁེས་དབྱི་སི་རལ་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་འབྲེལ་བ་ཚང་མ་གནས་སྐབས་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་པ།

ཚེས་2ཉིན་ཐུར་ཁེའི་ཚོང་དོན་པུས་གསལ་བསྒྲགས་བྱས་དོན། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་སྤེལ་བའི་བྱ་སྤྱོད་ཀྱིས་ས་ཁུལ་དེའི་མི་ཆོས་རིང་ལུགས་ལ་གནོད་འཚེ་ཕོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པར་བརྟེན། ཐུར་ཁེས་དབྱི་སི་རལ་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་འབྲེལ་བ་ཚང་མ་གནས་སྐབས་མཚམས་འཇོག་རྒྱུ་རེད།

ཐུར་ཁེའི་ཚོང་དོན་པུས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་སྤེལ་བའི་བྱ་སྤྱོད་ཀྱིས་ས་གནས་དེའི་མི་ཆོས་རིང་ལུགས་ལ་གནོད་འཚེ་ཕོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པར་མ་ཟད། ས་གནས་དེའི་སྒྲིག་བཀོད་ལ་གཏོར་སྐྱོན་བཏང་སྟབས། ཐུར་ཁེས་ཟླ་4ཚེས་9ཉིན་དབྱི་སི་རལ་ལ་ཚོང་ཟོག་རིགས་54ཕྱིར་གཏོང་བྱེད་མཚམས་བཞག་པ་དང་། དེ་རྗེས་དབྱི་སི་རལ་སྲིད་གཞུང་གིས་ད་དུང་ཅ་ཧྲ་ས་ཁུལ་དུ་བྱ་སྤྱོད་སྤེལ་མཚམས་མ་བཞག་པས་ས་གནས་དེའི་མི་ཆོས་རིང་ལུགས་ལ་གནོད་འཚེ་ཕོག་ཤུགས་སྔར་བས་ཆེ་རུ་ཕྱིན་སྟབས། ཐུར་ཁེས་སླར་ཡང་དབྱི་སི་རལ་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་འབྲེལ་བ་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།

གསལ་བསྒྲགས་ནང་། དབྱི་སི་རལ་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདང་ངེས་ཅ་ཧྲ་ས་ཁུལ་དུ་མཁོ་འདོན་མི་བྱེད་པའི་བར་དུ་ཐུར་ཁེས་བྱེད་ཐབས་གསར་པ་དེ་དག་ལག་བསྟར་ནན་པོ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། (ཤིན་ཧྭ་གསར་འགྱུར་ཁང་ཨན་ཁཱ་ལཱ་ནས་ཟླ་5ཚེས་2ཉིན་འབྱོར་བའི་གློག་འཕྲིན)(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 6 6 拉萨日报藏文 c180429.html 1 ཐུར་ཁེས་དབྱི་སི་རལ་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་འབྲེལ་བ་ཚང་མ་གནས་སྐབས་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་པ། /enpproperty-->