分享按钮

ཀུ་ཤུ་ཀུང་སིའི་2024ལོའི་ནོར་སྲིད་ལོ་འཁོར་གྱི་དུས་ཚིགས་གཉིས་པའི་ནོར་སྲིད་ཀྱི་ཡོང་འབབ་དུས་མཚུངས་ལས་ཆག་པ།

ཤིན་ཧྭ་གསར་འགྱུར་ཁང་ཅིའུ་ཅིན་ཧྲན་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀུ་ཤུ་ཀུང་སིས་ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི་ནོར་སྲིད་སྙན་ཞུ་ལས་མངོན་པར་གཞིགས་ན། 2024ལོའི་ནོར་སྲིད་ལོ་འཁོར་གྱི་དུས་ཚིགས་གཉིས་པར(2024ལོའི་ཟླ་3ཚེས་30ཉིན་བར)ཀུང་སིའི་ལས་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་907.5ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.3ཙམ་ཆག་ཡོད་པ་དང་། ཡོང་འབབ་ཁེར་གཙང་ཨ་སྒོར་དུང་ཕྱུར་236.4ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་2.2ཙམ་ཆག་ཡོད་པ་རེད།

ནོར་སྲིད་ཚགས་པར་ཐོག་མངོན་པར་གཞིགས་ན། ཀུ་ཤུ་ཀུང་སིའི་ལག་ཐོགས་ཁ་པར་ཕྱིར་འཚོང་བྱེད་ཚད་དེ་ནོར་སྲིད་ལོ་འཁོར་གོང་མའི་དུས་མཚུངས་ཀྱི་ཨ་སྒོར་དུང་ཕྱུར་513.3ནས་ཨ་སྒོར་དུང་ཕྱུར་459.6བར་ཆག་ནས་ཆག་ཚད་བརྒྱ་ཆ་10.5ཙམ་ཟིན་ཡོད་པ་དང་། འཁྱེར་བདེའི་མི་སྒེར་གྱི་མཁོ་ཆས་དང་། ཁྱིམ་སྤྱོད། ལྷུ་ལག་བཅས་ཀྱི་ཕྱིར་འཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་87.6ནས་ཨ་སྒོར་དུང་ཕྱུར་79.1བར་ཆག་ཡོད།

ཕྱིར་འཚོང་ཁྲོམ་རའི་ཐོག་ནས་བལྟས་ཚེ། དུས་ཚིགས་འདིར་ཀྲུང་ཧྭ་ཆེན་མོའི་ས་ཁུལ་དང་། གླིང་ཆེན་ཨ་མེ་རི་ཁའི་ས་ཁུལ། འཇར་པན། དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ས་ཁུལ་གཞན་དག་བཅས་ཀྱི་ཀུ་ཤུ་ཀུང་སིའི་ཚོང་གཉེར་གྱི་ཡོང་འབབ་དུས་མཚུངས་ལས་ཅུང་ཆག་ཡོད་པ་རེད། དེའི་ནང་ཀྲུང་ཧྭ་ཆེན་མོའི་ས་ཁུལ་གྱི་ཚོང་གཉེར་ཡོང་འབབ་དེ་ནོར་སྲིད་ལོ་འཁོར་གོང་མའི་དུས་མཚུངས་ཀྱི་ཨ་སྒོར་དུང་ཕྱུར་178.1ནས་ཨ་སྒོར་དུང་ཕྱུར་163.7བར་ཆག་པ་དང་། གླིང་ཆེན་ཨ་མེ་རི་ཁའི་ས་ཁུལ་གྱི་ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་377.8ནས་ཨ་སྒོར་དུང་ཕྱུར་372.7བར་ཆག་པ་དང་། འཇར་པན་གྱི་ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་71.8ནས་ཨ་སྒོར་དུང་ཕྱུར་62.6བར་ཆག་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ས་ཁུལ་གཞན་དག་གི་ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་81.2ནས་ཨ་སྒོར་དུང་ཕྱུར་67.2བར་ཆག་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-05 6 6 拉萨日报藏文 c180428.html 1 ཀུ་ཤུ་ཀུང་སིའི་2024ལོའི་ནོར་སྲིད་ལོ་འཁོར་གྱི་དུས་ཚིགས་གཉིས་པའི་ནོར་སྲིད་ཀྱི་ཡོང་འབབ་དུས་མཚུངས་ལས་ཆག་པ། /enpproperty-->