“ལྔ་གཅིག”ནི་ངལ་རྩོལ་པའི་དུས་ཆེན་ཡིན་ནའང། ངལ་རྩོལ་པ་མང་པོ་ཞིག་གིས་འཐབ་ས་མདུན་མར“གུང་གསེང”དེ“ལས་དུས”དུ་རྩིས་ཏེ། རྔུལ་ཆུ་ལ་བརྟེན་ནས་འཆར་གཞི་ལེགས་འགྲུབ་བྱེད་བཞིན་ཡོད།
ཚེས་3ཉིན་གྱི་ཞོགས་པ་སྔ་པོར་ལོ་48ལ་སླེབས་པའི་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གསུམ་པའི་རྣམ་གྲངས་ཅིང་ལི་ཞུས་པེའོ་པེ་ཅིང་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་13པའི་ནུས་པ་ཆེར་གཏོང་ལས་གཞིའི་ཏུང་སན་ལམ་གྱི་འབབ་ཚུགས་བསྐྲུན་ཡུལ་དུ་བསྐྱོད་དེ། ཕུག་ལམ་འབིགས་པའི་ལས་ཀར་སྤྱོད་རྩིས་ཡོད་པའི་འབིགས་འཕྲུལ་གྱི་ཞིབ་ཕྲའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།
“ཕུག་ལམ་དེ་ས་ཁུལ་དེའི་གྲོང་མིའི་སྡོད་ཁུལ་དང་ཐག་ཉེ་བས་བརྒྱུད་རིམ་གང་ལ་ཡང་ཧོལ་རྒྱུག་བྱེད་མི་རུང”ཞེས་ཞུས་པེའོ་ཡིས་བཤད། ལས་ཀར་ཞུགས་ནས་ལོ་30ཙམ་སོང་བའི་ཁོང་གིས་སྔ་རྗེས་སུ་ལྕགས་ལམ་དང་། གཞུང་ལམ། ཆུ་གློག་ཁང་སོགས་རྣམ་གྲངས་མང་པོ་བསྐྲུན་མྱོང་བས་ལས་ཡུལ་དུ་གུང་གསེང་གཏོང་རྒྱུར་སྔ་ས་ནས་གོམས་ཤིང་། ད་ལོའི“ལྔ་གཅིག”ལ་ཡང་ཞུས་པེའོ་ལས་གནས་སུ་ཞུགས་ནས་ཨར་ལས་མི་སྣ་200ཙམ་དང་མཉམ་དུ་ཏུང་སན་ལམ་གྱི་འབབ་ཚུགས་ཀྱི་ལས་གཞི་སྒྲུབ་བཞིན་ཡོད། མིག་སྔར་ཏུང་སན་ལམ་གྱི་འབབ་ཚུགས་ཀྱི་གྲུབ་ཆ་གཙོ་བོའི་བརྒྱ་ཆ་90ཙམ་ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་ཟླ་5པའི་ཟླ་མཇུག་ཏུ་གྲུབ་ཆ་གཙོ་བོ་ཚང་མར་ཐོག་འགེབས་རྒྱུ་ཡིན་པ་རེད།
གུང་གསེང་རིང་ཀན་སུའུ་ཐེན་ལུང་ལྕགས་ལམ་ཀྲོང་ཙེ་ཟམ་ཆེན་གྱི་ཨར་ལས་བྱ་ཡུལ་དུའང་ལས་བྲེལ་ཆེན་པོ་ཡོད་ཅིང་། རྣམ་གྲངས་པུའུ་ཡི་ལས་བཟོ་བ་500ལྷག་ཙམ་གྱིས་ལྕགས་སྒྲོམ་སྒྲིག་པ་དང་ལྕགས་རྩིབས་སྡོམ་པ་སོགས་ཀྱི་ལས་ཀ་རྣམས་ལས་བགོས་ཁ་གསལ་བརྒྱབ་ནས་བྲེལ་འཚུབ་ཆེན་པོས་ཨར་ལས་ཀྱི་དུས་ཚོད་བཟང་པོར་དམ་འཛིན་བྱེད་བཞིན་ཡོད།
ལས་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་བཅོ་ལྔ་པའི་རྣམ་གྲངས་འགན་འཁུར་བ་ཀྲའོ་ཧུང་ཡའོ་མཐོ་ཚད་སྨི་45ཙམ་ཟིན་པའི་གཙབ་གདན་གྱི་ཀ་བའི་ཐོག་རུ་འཛེགས་ནས་ལག་རྩལ་མི་སྣ་དང་མཉམ་དུ་དེའི་གྲུབ་ཆ་དང་། ཆེ་ཆུང་། མཐོ་ཚད་སོགས་ལ་བསྐྱར་དུ་ཞིབ་བཤེར་བྱས་པ་རེད།
ཀྲའོ་ཧུང་ཡའོ་ཡིས“བདེ་འཇགས་ལྡན་ཞིང་། སྤུས་ཚད་ལེགས་པའི་སྒོ་ནས་ལྕགས་ལམ་བསྐྲུན་རྒྱུ་ནི་ང་ཚོའི་བླང་བྱ་ཞིག་ཡིན་ལ་འཛུགས་སྐྲུན་བྱེད་མཁན་ཚང་མའི་འགན་འཁྲི་ཞིག་ཀྱང་ཡིན”ཞེས་བཤད། གུང་གསེང་འདིར་ཁོང་གིས་རྒྱུན་ལྡན་དང་འདྲ་བར་ཉིན་ལྟར་ཨར་ལས་ས་ཁོངས་ཀྱི་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ཏེ་ལས་ཀའི་བརྒྱུད་རིམ་བདེ་འཇགས་ཡོང་རྒྱུར་འགན་ལེན་བྱེད་པ་དང་ལས་གཞིའི་མྱུར་ཚད་ལ་སྐུལ་འདེད་གཏོང་གི་ཡོད།
ལས་གནས་སྤྱིར་བཏང་ཡིན་རུང་། འགན་འཁྲི་ནི་སྤྱིར་བཏང་ཞིག་ག་ལ་ཡིན། ངལ་རྩོལ་པ་དཀྱུས་མ་ཞིག་གིས་ལས་གནས་སུ་འབད་བརྩོན་ཧུར་ཐག་བྱས་ནས་དུས་ཆེན་གྱི་བདེ་སྐྱིད་སྲུང་བཞིན་ཡོད།
དུས་ཆེན་གྱི་སྐབས་ནི་གློག་སྤྱོད་ཚད་མཐོ་ཤོས་ཀྱི་དུས་ཤིག་ཡིན། རྒྱལ་ཁབ་གློག་དྲའི་ཧྲན་ཏུང་ཁྲང་ལེ་རྫོང་གློག་འདོན་ཀུང་སིའི་དྲ་སྡེབ་མྱུར་བཅོས་བཀོད་འདོམས་དཔུང་ཁག་ཏུ་བུད་མེད་ཚོས་ལྟ་སྐུལ་ཚོད་འཛིན་བརྙན་ཤེལ་གྱི་མདུན་དུ་ལས་གནས་བརྟན་སྲུང་བྱས་ཏེ། མ་ལག་ལ་དོ་སྣང་དང་དབྱེ་ཞིབ་གཟབ་ནན་བྱེད་པ་དང་། གློག་དྲའི་ཐེག་ཚད་གྲངས་གཞི་དང་། གློག་རྒྱུན། གློག་གནོན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས་གློག་སྤྱོད་མཁན་གྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱེད་པར་མ་ཟད། དུས་ཆེན་དང་གུང་གསེང་རིང་། གློག་སྤྱོད་ཐད་གློག་སྤྱོད་མཁན་རྣམས་ལ་སེམས་ཁྲལ་མི་ཡོང་བར་ནུས་ཤུཊ་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད།
དྲ་སྡེབ་མྱུར་བཅོས་བཀོད་འདོམས་དཔུང་ཁག་གི་འགོ་གཙོ་ཀྲུང་ཝུན་ཅོན་གྱིས་ལས་གནས་བརྟན་སྲུང་བྱ་རྒྱུ་ནི་ལས་འགན་ཞིག་དང་བདེ་འཇཊ་སྒོ་ནས་འཁོར་སྐྱོད་བྱ་རྒྱུ་ནི་འགན་འཁྲི་ཞིག་ཡིན། ལྷག་པར་དུ་གུང་གསེང་དང་དུས་ཆེན་གལ་ཆེན་རིང་། སེམས་ཤུཊ་ཆེན་པོ་དངལྷད་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་འགན་འཁྲི་ལེཊ་པར་སྒྲུབ་དགོས་ཞེས་བཤད།
“བུད་མེད་ཀྱི་དཔུང་ཁག”དེར་ཁོངས་མི་10ཡོད་པ་དང་། ཆ་སྙོམས་ལོ་ཚད་48ཡིན། ཁོང་ཚོས་གློག་སྤྱོད་མྱུར་བཟོ་དང་། ཞབས་ཞུ། བཀོད་འདོམས་བཅས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་ཁུར་ནས་ཆུ་ཚོད་24རིང་རེས་མོས་ངང་ལས་རེས་བྱས་པས“རྒྱལ་ཡོངས་ཀྱི་ལྔ་གཅིག་བུད་མེད་མིག་དཔེ”དང་།“ཧྲན་ཏུང་ཞིང་ཆེན་བཟོ་པའི་གདོང་ལེན་རྟགས་ཅན” “ཧྲན་ཏུང་ཞིང་ཆེན་གྱི་བྱས་རྗེས་དང་མིག་དཔེ་གཏོད་མཁན་བུད་མེད་ཕུལ་བྱུང་བཅུ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
“ལྔ་གཅིག”གུང་གསེང་སླེབས་སྐབས་སུ་པེ་ཅིང་སན་ལི་ཐུན་ཚོང་ཁུལ་གྱི་ལོ་28ལ་སླེབས་པའི་མོས་ཚོགས་མངག་སྐྱེལ་བ་ཀའོ་ཚུང་རྒྱུན་ལྡན་ལས་བྲེལ་འཚུབ་ཆེ་བ་ཡོད།
ཀའོ་ཚུང་གིས་ཉིན་གཉིས་གསུམ་རིང་གི་ཕྱིར་ཚོང་མངགས་ཐོ་དུས་རྒྱུན་དང་བསྡུར་ན་མི་ཉུང་བ་འཕར་ཡོད་པས་ས་ཚིགས་ཁག་གི་མངག་སྐྱེལ་བ་ཚོར་ངར་ཤུགས་ཆེན་པོ་ཡོད་ཅེས་བཤད། མངགས་ཐོ་འབྱོར་རིམ་བཞིན་ཁོང་གིས་ཟ་མ་མངགས་པའི་དགོས་མཁོ་ཞིབ་བསྡུར་ཞིབ་ཕྲ་བྱེད་པ་དང་། ཟ་མའི་གྲངས་འབོར་དང་གསོལ་ཆས་ཀྱི་གྲངས་འབོར་གཏན་འཁེལ་བྱས་ཏེ། ཟ་མ་སྐྱོན་མེད་ངང་སྐུ་མགྲོན་གྱི་ཕྱག་ཏུ་སྐྱེལ་གྱི་ཡོད། ཉིན་གཅིག་ལ་ཁོང་གིས་ཕལ་ཆེར་མངག་ཐོ་དྲུག་ཅུ་བདུན་ཅུ་ལྷག་ཙམ་སྐྱེལ་དགོས་ཀྱི་ཡོད།
བརྟན་སྲུང་བྱ་རྒྱུ་ནི་ངལ་རྩོལ་པའི་འགྱུར་བ་མེད་པའི་འབད་འཐབ་ཀྱི་རྨང་གཞི་ཡིན།“ལྔ་གཅིག”གུང་གསེང་རིང་། ལན་ཀྲོའུ་ནས་གཙོད་བར་གྱི་ལྕགས་ལམ་གྱི་ལན་ཀྲོའུ་ལྟེ་བའི་ལས་གྲྭའི་འབྲེལ་གཏུག་ལམ་ཐིག་ཟམ་ཆེན་གྱི་ལས་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་རྣམ་གྲངས་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་ཝུའེ་དབྱང་མིན་གྱིས་ཐོན་སྐྱེད་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱས་ནས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社