ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ལྔ་གཅིག་གུང་གསེང་གི་ཉིན་དང་པོར། རྒྱ་ཆེའི་ངལ་རྩོལ་པར་གཏོགས་པའི་དུས་ཆེན་འདིའི་ནང་རང་གྲོང་གི་ལས་རིགས་ཁག་གི་ངལ་རྩོལ་པས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ནས་ངལ་རྩོལ་ཁྲོད་རང་ཉིད་ལ་དབང་བའི་དུས་ཆེན་གཏོང་གི་ཡོད། ཟླ་5ཚེས་1ཉིན། གསར་འགོད་པས་སྟག་རྩེ་བཟོ་ལས་གླིང་ཁུལ་དུ་ཁེ་ལས་ཁག་གི་ཐོན་སྐྱེད་འཁོར་ཁང་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་པ་མཐོང་བྱུང་། བཟོ་པ་ཚོས་ལས་གནས་བརྟན་སྲུང་དང་། མངགས་ཐོ་རྗེས་ཟིན་ཐུབ་པར་བྱེད་པ་དང་ལས་ཡུན་བརྩོན་ལེན་བྱས་ནས་མངགས་ཐོ་སྣ་ཚོགས་ཐོན་སྐྱེད་མགྱོགས་མྱུར་བྱས་ནས་ཁྲོམ་ར་དང་མཁོ་མཁན་གྱི་དགོས་མཁོ་དུས་ཐོག་ཏུ་སྐོང་གི་ཡོད་པ་རེད།
སྟག་རྩེ་ཆུས་བོད་ལྗོངས་ནོར་དགྲ་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ནང་ཐོ་བ་རྡུང་པའི་སྒྲ་དང་། གཅོད་འབྲེག་གི་སྒྲ། ཚ་ལ་རྒྱག་པའི་སྒྲ་བཅས་གཅིག་རྗེས་གཉིས་མཐུད་ངང་གྲགས་ཤིང་། བཟོ་པ་ཚོས་བོད་ལུགས་ཀྱི་སྲོལ་རྒྱུན་ཟངས་རྡུང་ཡོ་བྱད་བཟོ་བཞིན་ཡོད་པས་ཡུལ་དངོས་སུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། མངགས་ཐོ་མང་བའི་དབང་གིས་ལྔ་གཅིག་རིང་། ཁེ་ལས་དེའི་ཐོན་སྐྱེད་བཟོ་ཁང་གིས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྟོབས་ཤུགས་གང་ཡོད་བཏོན་ནས་ཐོན་སྐྱེད་མགྱོགས་མྱུར་བྱེད་ཀྱི་ཡོད། བཟོ་ཁང་ནང་གི་དགེ་རྒན་ངག་དབང་གིས་བྱ་དགའི་བུམ་པ་བཟོ་བཞིན་ཡོད་པ་དང་། བཟོ་སྐྲུན་དུས་ཡུན་ཅུང་ཐུང་བ་དང་། ལྔ་གཅིག་གི་གུང་གསེང་དང་ཏག་ཏག་འཁེལ་བས་ང་ཚོས་ངལ་གསོའི་དུས་ཚོད་དོར་ནས་ལས་ཡུན་འཕར་མའི་ལས་ཀ་བྱས་ནས་ཀུང་སིའི་ཐོན་སྐྱེད་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སིར་སྐྱོད་སྐབས། ཐོན་སྐྱེད་འཁོར་ཁང་ནང་ཁུ་ལུ་སྦོང་བ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社