分享按钮

འབད་བརྩོན་ལྷོད་མེད་བྱས་ནས་དུས་རབས་ཀྱི་གཟི་བརྗིད་ལེའུ་རྩོམ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོར་ཕུགས་འདུན་མངོན་འགྱུར་དང་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐེབས་པ།

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་བའི་མཚམས་འདིར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

རྒྱ་ཆེའི་ངལ་རྩོལ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ནི་བརྩེ་བ་ཟབ་ལ་ལྷག་བསམ་ཟོལ་མེད་ཡིན་པ་དེའི་ཐོག་ནས་ངལ་རྩོལ་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་དང་མཛའ་གྲོགས་ཟབ་མོ་གང་ལེགས་གནང་ལུགས་མཚོན་ཡོད།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་སྟེ་ཏང་དང་བློ་གཅིག་སེམས་གཅིག་དང་ཏང་དང་མཉམ་དུ་འབད་བརྩོན།དཀའ་སྤྱད་ངལ་རྩོལ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གནང་བས་ང་ཚོ་ངལ་རྩོལ་པ་དཀྱུས་མ་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་།ང་ལ་སྤྱིར་བཏང་གི་ལས་གནས་ཐོག་རིན་ཐང་ཆེ་ཤོས་འདོན་སྤེལ་བྱ་རྒྱུའི་ལྕག་སྐུལ་ཡང་ཐེབས་བྱུང་ཞེས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཞིབ་འཇུག་ཁང་བཞི་པའི་བཟོ་གྲྭ་7414ཡི་འཁོར་ཁང་གཉིས་པའི་ནང་གི་གྲངས་འཛིན་ལས་སྣོན་པ་ཅ་ཝང་པིན་གྱིས་བཤད།

ལས་ཞུགས་བྱས་ནས་ལོ་18སོང་རིང་།ཅ་ཝང་པིན་གྱིས་སྲ་གཟུགས་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གྱི་སྐོགས་གཟུགས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་འགག་རྩའི་ལྷུ་ལག་ལས་སྣོན་ཞིབ་ཚགས་བྱེད་པའི་ལག་རྩལ་རིམ་སྤོར་ཧུར་ཐག་བྱས་ནས་ཚོགས་པའི་སྣེ་ཁྲིད་དེ་ལག་རྩལ་གྱི་དཀའ་གནད་མང་པོ་བསལ་ཡོད།ཁོང་གིས་ལས་ཀ་གཅིག་བྱས་ཚེ་ལས་ཀ་དེར་དགའ་ཞེན་བྱེད་པ་དང་།ལས་ཀ་གཅིག་བྱས་ཚེ་ལས་ཀ་དེ་བྱང་ཆུབ་པར་བྱེད་དགོས་པས།ངས་ཤེས་བྱ་གསར་པ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་དཔུང་ཤོག་དང་ཚོགས་ཆུང་གི་སྣེ་ཁྲིད་དེ་བཀོལ་སྤྱོད་བཟོ་པ་ནས་རྩལ་ནུས་བཟོ་པ་དང་བཟོ་སྐྲུན་དགེ་རྒན་གྱི་མི་སྣར་བསྒྱུར་ཏེ་བཟོ་རྩལ་ལེགས་སུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ཐོན་རྫས་ལ་སྐྱོན་ཆ་མེད་པར་རྩིས་སྤྲོད་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

ངལ་རྩོལ་གྱིས་དུས་རབས་ཀྱི་གཟི་བརྗིད་ལེའུ་བརྩམས།འབད་འཐབ་བྱས་ཏེ་མཛེས་པའི་འབྱུང་འགྱུར་གསར་སྐྲུན་བྱེད།གཙང་པོའི་ལྷོ་བྱང་དུ་ངལ་རྩོལ་པ་ཚོས་ལས་གནས་བརྟན་སྲུང་དང་བདེན་འཛིན་དངོས་སྒྲུབ་བྱས་ཏེ་བྱ་སྤྱོད་ཕྲན་བུར་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད།

ཧོ་ནན་ཤིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་ཞའོ་ཝང་གྲོང་རྡལ་ལེང་དབན་གྲོང་ཚོར་ས་ཞིང་མུའུ་1700ལྷག་ཙམ་འགན་གཙང་ལེན་མཁན་འབྲུ་འདེབས་དུད་ཚང་ཆེན་པོ་ལི་པིན་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐད་ཆ་ལས་ངལ་རྩོལ་ལ་རིན་ཐང་ལྡན་པ་དང་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་ཡིན་པ་ངས་དེ་བས་ངོས་འཛིན་ཐུབ་བྱུང་།འདི་ལོ་ངས་ཆུ་འབྲས་སྤུས་ལེགས་མུའུ་100བཏབ་ཡོད།གལ་ཏེ་ཐོན་འབབ་ཡག་པོ་བྱུང་ཚེ་སླད་ཕྱིན་ཞིང་ཚང་མར་ཆུ་འབྲས་དེ་འདེབས་རྒྱུ་དང་ཐོན་ཚད་སླར་ཡང་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

རྫས་ཁུང་འདྲུས་ཏེ་གཏོར་བ་དང་།སྔོག་པ་དང་བླུགས་པ།དབོར་འདྲེན་བྱེད་པ་སོགས་ནང་སོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཀྲོ་ཙི་རྫོང་ཏ་སུའུ་ཅི་མོལ་གཏེར་ཁུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དགུ་པའི་གཏེར་ལས་ཀུང་སིའི་ལས་མི་400ལྷག་ཙམ་གྱིས་གཏེར་འདོན་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད། རྣམ་གྲངས་ཀྱི་ཅིང་ལི་དབྱང་ཀྲི་དབྱིས་སྤྱི་ཁྱབ་ཧྲུའུ་ཅིས་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་དེ་ངའི་སེམས་དང་ཡོངས་སུ་མཐུན་སོང་།ངའི་སེམས་ནང་འཐབ་ས་མདུན་མར་གཞི་ཚུགས་པ་དང་།གནས་གཅེས་ལས་བརྩོན།རྩེར་སོན་གཏོད་རྒྱུ་བཅས་ནི་བབ་ཆགས་ཤོས་དང་དོན་དངོས་ཀྱི་འབད་འཐབ་སྙིང་སྟོབས་ཤིག་རེད་སྙམ་གྱི་འདུག ལྔ་གཅིག་གུང་གསེང་རིང་།ཁོང་གིས་སླར་ཡང་རྣམ་གྲངས་ཀྱི་ལས་བཟོ་བ་དང་མཉམ་དུ་ཡུལ་དངོས་སུ་བརྟན་སྲུང་བྱས་ནས་གཏེར་འདོན་ལས་རིམ་ལ་དོ་སྣང་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

གནས་གཅེས་ལས་བརྩོན་དང་གསར་འབྱེད་གསར་གཏོད་བྱེད་པ།

རྒྱ་ཆེའི་ངལ་རྩོལ་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོར་ཕུགས་འདུན་མངོན་འགྱུར་དང་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐེབས་པ། 6 6 拉萨日报藏文 c180388.html 1 འབད་བརྩོན་ལྷོད་མེད་བྱས་ནས་དུས་རབས་ཀྱི་གཟི་བརྗིད་ལེའུ་རྩོམ་དགོས། /enpproperty-->